e-texts navigator
Collection
Volume
Page
Wylie

208a1 དེ། གཟུགས་མེད་པའི་སེམས་ཅན་མན་ཆད།། ཐུག་ཏུ་གནམ་གྱི་རིམས་ཀྱིས་མར་བབས་ཏེ། སུམ་ཅུ་རྩ་གསུམ་མན་ཆད། བྱང་དང་། ནུབ་དང་། ཤར་དུ་བབས་ནས། ཐོག་མར་ནི་འཛམ
208a2 བུའི་གླིང་དུ་འབབ་བོ།། འཇིག་པའི་ཚེ་རི་ཐོག་མ་འཛམ་བུ་གླིང་ནས་འཇིག། གནས་པའི་ཚེ་ཐ་མར་གནས་སོ།། སེམས་ཅན་བསྐལ་པ་དང་པོ་པ་ཐར་གནས་པ་དེ་དག་ནི། ཚེ་ཡང་ལོ་བརྒྱད་ཁྲི་ཐུབ་སྟེ། དེའི་ཚེ་ཀུན
208a3 ཀྱང་བསམ་གཏན་གྱི་ཟས་ཟ། རང་གི་འོད་ཀྱིས་སྣང་སྟེ། ཉི་ཟླ་ཡང་མེད། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་སྒོ་ནས་ཤིན་ཏུ་གདུག་པ་ཡང་མེད། རྒྱལ་པོ་ལ་སོགས་པ་ཡང་མེད། བུད་མེད་དང་སྐྱེས་པ་ཡང
208a4 མེད། ཀུན་ཀྱང་རྫུས་ཏེ་སྐྱེ། སེམས་ཅན་རྣམས་སུ་བྱ་བ་ཡང་མེད།། ང་དང་ངའི་ཞེས་བྱ་བའི་ང་རྒྱལ་ཡང་མེད་དེ། སེམས་ཅན་དམྱལ་བ་དང་། ཡི་དགས་དང་། བྱོལ་སོང་གི་རྒྱུད་ངན་པ་ཡང་མེད་དོ།། ཤི་ན་ཡང་གྱེན་དུ་སྐྱེ།
208a5 འཁོར་ན་ཡང་ཕན་ཚུར་ལྡིང་ངོ་།། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ལས། སེམས་ཅན་རྣམས་བསམ་གཏན་ལ་ལེ་ལོ་ཞུགས་པ་དང་། བསམ་གཏན་གྱི་ཟས་ཀྱང་མེད་པར་གྱུར་ནས། སེམས་ཅན་དེ་དག་གི་ལས་ཀྱིས།
208a6 སའི་སྙིང་པོ་བྲོས་ཚོགས་པ་རབ་ཏུ་ཞིམ་པ་དེ་ཟའོ།། དེ་ལྟ་བུ་ཟས་ཟ་བ་ལས། ལུས་ལྕི་ཞིང་རྩུབ་པར་གྱུར་ཏེ། འོད་ཀྱང་ཁད་ཀྱིས་ཡལ་ནས། མུན་པ་བསལ་བའི་ཕྱིར། སེམས་ཅན་གྱི་ལས་ཀྱིས་ན། མུན
208a7 པའི་གཉེན་པོ་འོད་སྣང་བར་གྱུར་ཏོ།། དེ་ནས་སའི་ཁུ་བ་ཞིམ་པོ་དེ་ལ་ཤིན་ཏུ་སྲེད་པ་བྱུང་ནས། དེ་ཡང་ཁད་ཀྱིས་ཡལ་ལོ།། དེའི་འོག་ཏུ་དེ་དག་ས་ཞག་བྲོ་སྣ་ཚོགས་དང་ལྡན་པ། ཤིན་ཏུ་ཞིམ་པ་བྱུང་སྟེ། དེ་ཟ




iiif viewer powered by OpenSeadragon

207b - 208b

Texts on this page

Ty055-003 - mdzod dang 'jig rten brjod pa'i mdo bam po gcig go