e-texts navigator
Collection
Volume
Page
Wylie

207b1 ལན་ཅིག་འབྱུང་བ་དེ་ལ་བུ་ལས། ཆུའི་བསྐལ་པ་ལན་བདུན་ཚང་བ་དང་། རླུང་གི་བསྐལ་པ་གཅིག་འབྱུང་ངོ་།། རླུང་གི་བསྐལ་པ་ནི་རླུང་གི་དཀྱིལ་འཁོར་འོག་མ་ནས་རྡོལ་ཏེ་བྱུང་བ་དང་། འཇིག་རྟེན་གྱི་རླུང་གིན་ཀྱིས
207b2 འཁོར་དུ་བསྡེངས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བཤིག་གཏོར་ཏེ། རྡུལ་ཀྱང་མེད་པར་བྱས་ནས་གྱེན་དུ་བསམ་གཏན་གསུམ་གྱིས། དགེ་རྒྱས་གནམ་གྱི་བར་དུ་འཇིག་སྟེ།
207b3 དེ་ལྟར་བསྐལ་པ་བར་མ་ཉི་ཤུའི་བར་དུ་ནི་འཇིག། ཉི་ཤུར་ནི་སྟོང་པར་འཇུག། ཉི་ཤུར་ནི་སླར་འཛུགས།། ཉི་ཤུར་ནི་སེམས་ཅན་གནས་པའི་རིམས་ནི་གོང་མ་བཞིན་ནོ།། དེ་ནས་ཡང་སླར་མེའི་བསྐལ་པ་ལ་ཟུག་ཅིང
207b4 རིམས་ཀྱིས་འབྱུང་བ་ནི་གོང་མ་བཞིན་ནོ།། ཞེ་སྡང་གི་གཞི་ཚབས་ནི་མེའི་བསྐལ་པ་འབྱུང་སྟེ། བསམ་གཏན་དང་པོར་འཇིག། གཏི་མུག་གི་གཞི་ཆེ་བས་ནི། ཆུའི་བསྐལ་པ་འབྱུང་སྟེ། བསམ་གཏན་གཉིས་ཀྱི
207b5 སའི་བར་དུ་འཇིག། འདོད་ཆགས་ཀྱི་གཞི་ཆེ་བས་ནི། རླུང་གི་བསྐལ་པ་འབྱུང་སྟེ། བསམ་གཏན་གསུམ་གྱི་བར་དུ་འཇིག་གོ།། བསམ་གཏན་བཞི་པ་རྣམས་ནི། རང་གི་ལས་ཀྱི་དུས་ཀྱི་ཚེ་མ་ཟད་ཀྱི་བར་དུ་གཞན
207b6 གྱིས་གློ་བུར་དུ་གཙེ་བ་མེད་དོ།། དེ་ལྟར་ན་འཇིག་རྟེན་འཇིག་ཅིང་འཛུགས་པ་དང་། གནས་པ་ལ་སོགས་པ་ཡང་སེམས་ཅན་གྱི་ལས་ཀྱི་རིམ་པ་ལ་འགྱུར་གྱི། གཞན་སུས་ཀྱང་བྱས་པ་མེད་དོ།། གླིང་བཞིའི་འཇིག
207b7 རྟེན་གྱི་ཁམས་འཇུག་ཅིང་འགྱུར་བའི་བཞིན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་དེ་བཞིན་ནོ།། སེམས་ཅད་སླར་གནས་པའི་ཐབས་ནི། བསྐལ་པས་བཤིག་པའི་འོག་ཏུ་སེམས་ཅན་རང་གི་ལས་ཟད།




iiif viewer powered by OpenSeadragon

207a - 208a

Texts on this page

Ty055-003 - mdzod dang 'jig rten brjod pa'i mdo bam po gcig go