e-texts navigator
Collection
Volume
Page
Wylie

207a1 བར་བྱས་སོ།། དེ་ནས་བསྐལ་པ་བར་མ་ཉི་ཤུའི་བར་དུ་ནི་སྟོང་པར་གནས་སོ།། དེ་ནས་བསྐལ་པ་བར་མ་ཉི་ཤུའི་བར་དུ་འཇིག་རྟེན་ཀུན་སླར་འཇུག་སྟེ། འཇུག་པའི་ཐབས་ནི
207a2 གཞི་ནམ་མཁའ་དང་རླུང་ལས་བླངས་ཤིང་། རིམ་པར་འཇུག་པ་ནི་གོང་མ་བཞིན་ནོ།། ས་གཞི་ཟུག་ནས་བསྐལ་པ་བར་མ་ཉི་ཤུའི་བར་དུ་ནི། སེམས་ཅན་གནས་ཏེ། དེ་ལྟ་བུར་བསྐལ་པ་བར་མ་བརྒྱད་ཅུ་འདས
207a3 པ་ལ་ནི། བསྐལ་པ་ཆེན་པོ་གཅིག་ཅེས་བྱའོ།། དེ་ནས་ཡང་སྦར་མེས་འཇིག་པའི་བསྐལ་པ་རིམས་དེ་བཞིན་དུ་འབྱུང་བ་ནས། སླར་སེམས་ཅན་གནས་ཤིང་། བསྐལ་པ་བར་མ་བརྒྱད་ཅུ་ཚང་ནས། བསྐལ་པ་ཆེན་པོ།
207a4 གཅིག་ཏུ་གྱུར་པའི་བར་དུ། ཆུའི་བསྐལ་པ། ཆུའི་བསྐུལ་པ་གཅིག་འབྱུང་སྟེ། སེམས་ཅན་གྱི་ལས་ཀྱིས་ནི། ཆུ་འོ་གནས་ཀྱང་འབྱུང་།། ཐ་ནས་ཀྱང་འབབ་ཏེ། ཐོག་མར་ནི་འཛམ་བུ་གླིང་ཆུས་ཁྱེར། དེ་ནས
207a5 ཤར་ཕྱོགས། བྱང་ཕྱོགས། ནུབ་ཕྱོགས་ཆུས་ཁྱེར། དེ་ནས་མཐར་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཐུར་དུ་ནི་རླུང་གི་དཀྱིལ་འཁོར་ལ་ཐུག། གྱེན་དུ་ནི་བསམ་གཏན་གཉིས་ཀྱིས། ཀུན་སྣང་དང
207a6 བའི་གནམ་གྱི་བར་དུ་ཆུས་ཁྱེར་ཏེ། བསྐལ་པ་བར་མ་ཉི་ཤུའི་བར་དུ་དེ་བཞིན་ཆུས་གང་། བསྐལ་པ་བར་མ་ཉི་ཤུར་ནི་སྟོང་པར་འགྱུར། ཉི་ཤུར་ནི་འཇིག་རྟེན་སླར་འཛུགས། ཉི་ཤུར་ནི་སེམས་ཅན་གནས་སོ།།
207a7 དེ་ནས་ཡང་སྦར་རིམས་གོང་མ་བཞིན་དུ་མེའི་བསྐལ་པ་འབྱུང་སྟེ། མེའི་བསྐལ་པ་ཡང་གོང་མ་བཞིན་དུ་ལན་བདུན་ཆང་ནས་ཆུ་ལན་ཅིག་འབྱུང་ངོ་།། དེ་ནས་ཡང་སྔར་མེའི་བསྐལ་པའི་རིམས་བདུན་ཆང་ཞིང་། ཆུ




iiif viewer powered by OpenSeadragon

206b - 207b

Texts on this page

Ty055-003 - mdzod dang 'jig rten brjod pa'i mdo bam po gcig go