e-texts navigator
Collection
Volume
Page
Wylie

206b1 རྣམས་དང་། ཡོ་བུད་དང་། ལུས་གཟུགས་ལ་སོགས་ཐམས་ཅད་ཀྱང་། དེ་བཞིན་དུ་བཟང་ཞིང་རྒྱས་སོ།། དེ་ནས་ཡང་སེམས་ཅན་མི་དགེ་བའི་ལས་གཡོས་ནས། སླར་ཆེ་ལ་སོགས་པ་ཀུན་ཀྱང་འགྲིབས་ཏེ། ཆེ་ལོ
206b2 བཅུ་ལ་ཐུག་པ་དང་། འདོད་ཆགས་དང་། སེར་སྣའི་ལས་ཀྱིས་མུ་གེ་ཆེན་པོ་བྱུང་སྟེ། ལོ་བདུན་ཟླ་བ་བདུན་ཞག་བདུན་གྱི་བར་དུ་རྒྱུན་མི་འཆད་པར་ཤི་བར་འགྱུར་ཏེ། དེའི་ནང་ནས་བསོད་ནམས་དང་མཐུ་ཆེ་བ་ཁ་ཅིག།
206b3 མ་ཤི་བ་ནི་སྦྱིན་པ་གཏོང་བ་ལ་སོགས་པ་དགེ་བའི་གཞི་སྐྱེས་ཏེ། སླར་ལོ་བརྒྱད་ཁྲི་བར་གྱུར་ཏེ། དེ་ལྟ་བུར་སེམས་ཅན་གྱིས་ཐོག་མཆེ་ལོ་བརྒྱད་ཁྲི་ལས་བཅུར་འགྲིབས། བཅུ་ལས་སྔར་བརྒྱད་ཁྲིར་སྐྱེས་པ
206b4 དེ་ལྟ་བུ་གཅིག་ལ། བསྐལ་པ་བར་མ་གཅིག་གོ།། དེ་ལྟ་བུ་ཉི་ཤུ་འདས་ན། མེས་འཇིག་པའི་བསྐལ་པ་འབྱུང་སྟེ། ཉི་མ་འདི་ཉིད་སེམས་ཅན་གྱི་ལས་ཀྱིས་ན། ཉི་མ་བདུན་ཤར་ཏེ། རབ་ཏུ་བསྲེག་གོ།། ཉི་མ
206b5 གཉིས་ཤར་བའི་ཚེ་ནི། ཆར་པ་ཡོང་མི་འབབ། གསུམ་ཤར་བའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་རྩ་ཤིང་ཀུན་བསྐམས་སོ།། ཉི་མ་བཞི་ཤར་བའི་ཚེ་ནི། ལྟེང་ཀ་ཆེ་ཆུང་ཀུན་བསྐམས
206b6 སོ།། ཉི་མ་ལྔ་ཤར་བའི་ཚེ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་ཆུ་བོ་དང་། ཆུ་བྲན་ཐམས་ཅད་བསྐམས་སོ།། དྲུག་ཤར་བའི་ཆེ་ནི། རྒྱ་མཚོ་ཆེན་པོ་ཐམས་ཅད་བསྐམས་སོ།། བདུན་ཤར་བའི་ཆེ་ནི། སྟོང
206b7 གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐུར་དུ་ནི་རླུང་གི་དཀྱིལ་འཁོར་ལ་ཐུག། གྱེན་དུ་ནི་ཚངས་ཆེན་ལ་ཐུག་གི་བར་དུ་བསྲེགས་ཏེ། དེ་ལྟར་བསྐལ་པ་བར་མ་ཉི་ཤུའི་བར་དུ་བསྲེགས་ཏེ། ཀུན་ཐལ




iiif viewer powered by OpenSeadragon

206a - 207a

Texts on this page

Ty055-003 - mdzod dang 'jig rten brjod pa'i mdo bam po gcig go