e-texts navigator
Collection
Volume
Page
Wylie

206a1 ལས། ཕྲག་དོག་དང་། སེར་སྣ་ལ་སོགས་པ་ཉོན་མོངས་པ་ཁད་ཀྱིས་སྐྱེས་ནས། ཚེ་ལོ་ཡང་ཁད་ཀྱིས་འབྲི་སྡེ། ལོ་བཅུ་ལ་ཐུག་པ་དང་། ཞེ་སྡང་གི་ལག་གིས་བླངས
206a2 སོ་ཅོག་ཀྱང་མཚོན་དུ་འགྱུར་ཏེ། སེམས་ཅན་གྱི་ལས་འཐུན་པ་ཕན་ཚུན་བསྣུན་ནས། ཞག་བདུན་གྱི་བར་དུ་འཆི་བའི་རྒྱུན་མི་འཆད་པར་འབྱུང་ངོ་།། དེའི་ཚེ་སྔོན་ཆད་བྱམས་པ་བསྒོམས་པའི
206a3 མཐུས། དེ་ལྟར་འཁྲུག་པའི་ནང་དུ་མ་གཏོགས་ཤིང་། ལོགས་ཤི་ཀུན་འཁོད་འཁོད་པའི་སེམས་ཅན་རྣམས། ཕྱིས་དེ་ལྟ་བུ་ཀུན་ཤིབ་མཐོང་སྟེ། འདི་ལྟར་ཕན་ཚུན་ཞེ་སྡང་བསྐྱོད་དེ་དཀྲུགས
206a4 ནས་ཤི་བ་ནི་མ་ལེགས་ཀྱིས། བདག་ཅག་ཕན་ཚུན་མི་འཁྲུག་པར་བྱའོ་ཞེས་ཏེ། བྱམས་པ་ལ་སོགས་པ་ཁད་ཀྱིས་བསྐྱེད་པ་དང་། ཆེ་ལོ་ཡང་ཁད་ཀྱིས་སྐྱེས་ནས། སླར་ཡང་བརྒྱད་ཁྲི་ལ་ཐུག་གོ།། ཡུལ།
206a5 གྱི་རྣམས་དང་། ཁ་ཟས་ལ་སོགས་པ་ཡང་དེ་བཞིན་དུ་ཁད་ཀྱིས་བཟང་ཞིང་རིམ་པར་སྐྱེས་ཏེ། དེའི་མིང་ནི་གྲིབ་སྐྱེས་ཞེས་བྱའོ།། དེ་ལྟར་ཡང་ཚེ་ལོ་བརྒྱད་ཁྲི་ལས་ཡང་སེམས་ཅན་མི་དགེ་བའི་ལས་ཀྱིས་སླར་བྱ།
206a6 གཟུགས་དང་། ཚེ་དང་། ཡུལ་གྱི་རྣམས་ཀུན་ཁད་ཀྱིས་འགྲིབས་ཏེ། སླར་ཚེ་ལོ་བཅུ་པ་ཐུག་པ་དང་། སྔོན་ནད་པ་མ་གསོས་ཤིང་སྨན་ལ་སོགས་པའི་སྦྱིན་སྟོང་མ་བྱས་པ་དང་གཏི་མུག་གི་ལན་གྱིས་ཀུན་ལ་ནད་བྱུང
206a7 ཟླ་བ་བདུན་དང་། ཞག་བདུན་དང་། བར་དུ་རྐུན་མི་འཆད་པར་འཆི་བར་འགྱུར་ཏེ། དེ་ལ་ཁ་ཅིག་སྔོན་གྱི་བསོད་ནམས་ཀྱི་ལས་ཀྱིས་འཁོད་པའི་རྣམས་ནི་སླར་དགེ་བའི་སེམས་སྐྱེས་ནས། དེ་བཞིན་ཡང་ལོ་བརྒྱད་ཁྲི་ལ་ཐུག་སྟེ། ཡུལ




iiif viewer powered by OpenSeadragon

205b - 206b

Texts on this page

Ty055-003 - mdzod dang 'jig rten brjod pa'i mdo bam po gcig go