| | e-texts navigator
|
205a1 པའི་སེམས་ཅན་རྣམས་ཀྱི་ཚེའི་ཆང་ནི་བསྐལ་པ་དྲུག་ཁྲིའོ།། འདུ་ཤེས་ཡོད་འདུ་ཤེས་མེད་མིན་མཐའ་ཡས་སྐྱེ་མཆེད་སྟེངས་སུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་བརྒལ།
205a2 པཔ་བརྒྱད་ཁྲི་ཐུབ་བོ།། ལྷ་མ་ཡིན་རྣམས་ནི་དགེ་བའི་གཞི་ང་རྒྱལ་དང་བཅས་པར་སྤྱད་པས་ན། ལྷ་མ་ཡིན་དུ་སྐྱེས་མོད་ཀྱི། ཚེ་དང་ལོངས་སྤྱོད་དེ་ནི་དེའི་ནང་ན་ཡང་བསོད་ནམས་ཆེ་ཆུང་ལས། ཁ་ཅིག་ནི་སུམ་ཅུ་རྩ་གསུམ་པའི་ལྷ
205a3 དང་འཇ། ཁ་ཅིག་ནི་ཕྱོགས་བཞིའི་མགོན་པོ་དང་འདྲའོ།། སེམས་ཅན་དམྱལ་བ་ཕྱིར་འཚེ་བར་སེམས་ཅན་སྐྱེས་པ་རྣམས་ནི། ཉོན་མོངས་པ་དང་སྡུག་བསྔལ་མྱོང་བའི་ཚད་ནི་དཔེར་བྱར་མེད་དེ། ཤིན་ཏུ་ཉོན་མོངས་ཤིང་སྡུག
205a4 བསྔལ་ལོ།། དེའི་ཚེའི་ཚད་ནི་རྒྱལ་ཆེན་རིས་བཞིའི་ཚེ་ཚད་ཇི་ཙམ་པ་དེའི་ཉིན་ཞག་གཅིག་སྟེ། ཞག་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལྔ་བརྒྱ་ཐུབ་བོ།། ཐིག་ནག་པོ་ནས།
205a5 ཚ་བའི་བར་དུ་ཉོན་མོངས་པ་དང་སྡུག་བསྔལ་ནི་རིམས་ཀྱིས་ཆེ། ཚེའི་ཚད་ནི་སུམ་ཅུ་རྩ་གསུམ་ནས། གཞན་འཕྲུལ་དབང་བྱེད་ཀྱི་བར་དུ། ལྷ་དེ་དག་གི་ཚེའི་ཚད་ཇི་ཙམ་པ་ནི། སེམས་ཅན་དམྱལ་བ་དེ་དག་གི་རཱིན
205a6 ཞག་རེ་རེ་སྟེ། དེ་ལས་ལོར་བརྩིས་པའི་ཐིག་ནག་པོ་ལ་ནི་ལེ་ཉིས་སྟོང་། དེ་མན་ཆད་ཀྱང་ཕྱེད་བྱེད་ཀྱིས་སྐྱེ་སྟེ། སེམས་ཅན་དམྱལ་བ་ཚ་བའི་ཚེའི་ཚད་ནི་ཁྲི་དྲུག་སྟོང་ངོ་།། སེམས་ཅན་དམྱལ་བ་རབ་ཏུ་ཚ་བ་ཆེན
205a7 པོའི་ཚེའི་ཚད་ནི་བསྐལ་པ་བར་མ་ཕྱེད་དོ།། མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོའི་ཚེའི་ཚད་ནི་བསྐལ་པ་བར་མ་གཅིག་གོ།། སྡུག་བསྔལ་དང་ཉོན་མོངས་པའི་ཚད་ནི་དཔེ་མེད་དེ། གོང་མ་པས་རབ་ཏུ
iiif viewer powered by OpenSeadragon
204b - 205b