e-texts navigator
Collection
Volume
Page
Wylie

202a1 གླིང་གི་མི་བས་དགེ་བའི་ཤེས་ཆེ་སྟེ། ལོངས་སྤྱོད་ཀུན་ཀྱང་དེ་བཞིན་དུ་བཟང་ཞིང་རྒྱས། མིའི་ལུས་ཀྱི་ཚད་ནི་རང་གི་འདོམ་དེའོ།། ཆེའི་ཚད་ནི་ཐམས་ཅད་ཀྱང་འདྲ་སྟེ། ལོ་ཉིས
202a2 བརྒྱའོ།། ནུབ་ཀྱི་བ་ལང་སྤྱོད་ནས་དགེ་བའི་ཤས་དེ་བས་ཀྱང་ཆེ་སྟེ། ལོངས་སྤྱོད་ཀུན་ཀྱང་དེ་བཞིན་དུ་བཟང་ཞིང་རྒྱས་སོ།། མིའི་ལུས་ཀྱི་ཚད་ནི་ཐམས་ཅད་ཀྱང་རང་གི་འདོམ་བཞིའོ།། ཚེའི་ཚད་ཀྱང
202a3 ཀུན་འདྲ་སྟེ། ལོ་ལྔ་བརྒྱ་ཐུབ་བོ།། བྱང་གི་སྒྲ་མི་སྙན་ནི་དགེ་བའི་གཞི་ཆེ་བས་ན་སྣམས་དང་རྨོས་ལ་སོགས་པ་ཡང་བྱ་མི་དགོས་ཏེ། ཁ་ཟས་དང་ལོངས་སྤྱོད་ལ་སོགས་པའང་རང་བྱུང་ཞིང་ཤིན་ཏུ་བཟང།
202a4 ལ་རྒྱས་སོ།། དེའི་མི་རྣམས་ལུས་ཀྱི་ཚད་ནི་རང་གི་འདོམ་བརྒྱད་དོ།། ཚེ་ནི་ཐམས་ཅད་ཀྱང་ལོ་སྟོང་ཐུབ་བོ།། རྒྱལ་ཆེན་རིས་བཞིའི་གནམ་རྣམས་ནི། དགེ་བས་ཤས་དེ་བས་ཀྱང་ཆེ་སྟེ། ཁ་ཟས་དང
202a5 ལོངས་སྤྱོད་ལ་སོགས་པ་ཐམས་ཅད་ཀྱང་ཤིང་ལས་རང་བྱུང་སྟེ། སྣརུམས་སུ་སྦར་མི་དགོས་སོ།། ལུས་ཀྱི་ཚད་ནི་རང་གི་ཁྲུ་བཞི་ལས་རང་གི་འདོམ་གང་དུ་བརྩིས་པའི་འདོམ་བརྒྱ་ཉི་ཤུ་རྩ་ལྔའོ།།
202a6 དེ་དག་གི་ཚེ་མི་ལོ་ལྔ་བཅུ་ལས་རྒྱལ་ཆེན་རིས་བཞིའི་ཉིན་ཞག་གཅིག་ཏུ་བརྩིས། དེ་ལྟ་བུའི་ཞག་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་བརྒྱ་ཐུབ་བོ།། དེན་པོ་སྤོས
202a7 མཚན་ཕྲད་པ་ཡང་། ཕན་ཚུན་ཁུ་བ་མི་འདྲེའོ།། ཕོ་མོའི་མཚན་འབྱོར་པའི་ཚེ། ཁུ་བ་ལྟ་བུར་རླུང་ཞིག་རྒྱུ་སྟེ། དེ་དགའ་བ་རབ་ཏུ་མྱོང་བར་འགྱུར་རོ།། མི་ལྟ་བུར་སྒོ་དྲུག་ནས་ངན་སྐྱུགས་ལ




iiif viewer powered by OpenSeadragon

201b - 202b

Texts on this page

Ty055-003 - mdzod dang 'jig rten brjod pa'i mdo bam po gcig go