| | e-texts navigator
|
201b1 པ་གཟུགས་ཅན་གྱི་གནས་རིམ་པ་འོག་མ་བཞིན་མེད་དོ།། ནམ་མཁའི་སྡེང་ནི་རླུང་གི་དཀྱིལ་འཁོར་ནམ་མཁའ་སྟོང་པ་ལ་གནས་ཏེ། དེ་ཡན་ཆད་ཀྱི་འཇིག་རྗེར་གྱི་ཁམས་ཀྱི་གཞི་ནི་རྫམ་བཞིན་དུ་རིག་པར་བྱམ།
201b2 དེ་ལྟ་བུར་ཁམས་གསུམ་དང་ལྡན་པའི་གླིང་བཞིའི་ཁམས་འདི་ལྟ་བུ་ནི་ཕྱོགས་བཅུ་མཐའ་ཡས་པར་འཇིག་རྟེན་གྱི་ཁམས་གླིང་བཞི་དང་ལྡན་པའི་ཚུལ་འདི་ལྟ་བུ་གྲངས་མེད་ཚད་མེད་དེ། ཁམས་ཀྱི་ཁྱད
201b3 པར་དུ་ནི། སེམས་ཅར་དགེ་མི་དགེ་དང་། སངས་རྒྱས་ཀྱི་ཞིང་དུ་སྨོན་ལམ་ལས་གྱུར་པའི་འཇིག་རྟེན་ཁ་ཅིག་གཙང་ཞིང་བདེ་བ་ནི། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ལ་སོགས་པ་ལྟ་བུ་དང་། ཁ་ཅིག་ནི
201b4 སེམས་ཅར་དམྱལ་བ་དང་། ཡི་རགས་དང་། བྱོལ་སོང་མེད་པའི་འཇིག་རྟེན་གྱི་ཁམས་སྐྱེ་རིམ་པ་ཡང་ལས་ལས་གྱུར་ཏེ། ཆང་མེད་གྲངས་མེད་པར་རིག་པར་བྱའོ།། འཛམ་བུའི་གླིང་གི་མི་རྣམས་ནི། དགེ་བ་དང
201b5 མི་དགེ་བ་དང་ལས་ཀྱང་འདྲེས་པར་སྤྱོད་དེ། ཡུལ་སྣམ་དང་། ཁ་ཟས་དང་། ལོངས་སྤྱོད་ལ་སོགས་པ་ཡང་། དེ་བཞིན་དུ་བཟང་ངན་འདྲེས་པར་ཡོད་དོ།། མིའི་ལུས་ཀྱི་ཚད་ནི་ཁ་ཅིག་མི་བྲུ་བཞི། ཁ་ཅིག་ནི་ཁྲུ་བྱེད།
201b6 རང་བཞིའོ།། དེའི་ཚེ་ཚད་ནི་གཅིག་ཏུ་ངེས་པ་མེད་དེ། བསྐལ་པ་དང་པོའི་ཚེ་ཚད་ཆེ་ལོ་བརྒྱད་ཁྲི་ཐུབ་པ་ལས། མི་དགེ་བའི་ལས་སྡིག་པ་རིམས་ཀྱིས་སྐྱེས་པའི་ལན་གྱིས་ན། ཚེ་དང་ལོངས་སྤྱོད་ལ་སོགས་པ་ལ
201b7 དེ་བཞིན་དུ་ཁད་ཀྱིས་འགྲིབས་ཏེ། གནོད་པའི་བསྐལ་པ་ཟ་མའི་ཚེ་ནི། ཚེ་ལོ་བཅུ་པར་འགྱུར་བས་ན། ཚེའི་ལོ་གྲངས་གཅིག་ཏུ་ངེས་པ་མེད་དོ།། ཤར་གྱི་ལུས་འཕགས་པོའི་མི་རྣམས་ནི་འཛམ་བུའི
iiif viewer powered by OpenSeadragon
201a - 202a