e-texts navigator
Collection
Volume
Page
Wylie

199b1 བསྔལ་བས་ཉོན་མོངས་པ་དེ་ལྟ་བུ་ལ་སོགས་པ་རང་གི་ལས་ཀྱིས་གྲངས་མེད་པར་འགྱུར་བ་ཡོད་དེ། སོ་སོར་མིང་གིས་དབྱེར་ཡོད་མོད་ཀྱི། སྤྱིར་ཡི་དགས་སུ་བསྡུའོ།། ལྷ་མ་ཡིན་གྱི་གནས་ནི་རི་རབ
199b2 ཆུའི་ནང་དུ་ནུབ་པ་དེ་ཁོང་སྟོང་དུ་འདུག་སྟེ། དེའི་ནང་ན་ལཱ་མ་ཡིན་གྱི་རྒྱལ་པོ་ནི་གནས་སོ།། ཕྱོགས་བཞིར་གྲིང་དྲན་ལྔ་བརྒྱ་པོ་རྣམས་ཀྱི་ནང་ན། ཁ་ཅིག་ནི་མིའི་གནས། ཁ་ཅིག་ནི་མི་མ་ཡིན་པའི་བནས།
199b3 ཁ་ཅིག་ནི་སྟོང་པར་ཡང་འདུག་གོ། ཉི་མ་དང་ཟླ་བ་ཉིད་ནི་སེམས་ཅན་ཏེ། སེམས་ཅན་གྱི་ལས་ཀྱིས་ནི། འཛམ་བུའི་གླིང་ནས་གྱེན་དུ་དཔག་ཚད་བཞི་ཁྲིའི་སྟེང་ན། རི་ཟུང་འཛིན་གྱི་རྩེ་མོ་ཐོག་ཐག། རི་ར
199b4 ལ་འཁོར་ཞིང་འཇིག་རྟེན་དུ་རིམས་ཀྱིས་སྣང་བར་བྱེད་དེ། ཉི་མའི་གཞལ་ཡས་ཀྱི་དཀྱིལ་འཁོར་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ལྔ་བཅུ་རྩ་གཅིག་ཡོད་དོ།། ཟླ་བའི་གཞལ་ཡས་ཁང་གི་དཀྱིལ་འཁོར་ལོ།
199b5 ར་ཁོར་ཡུག་ཏུ་དཔག་ཚད་ལྔ་བཅུ་ཡོད་དོ།། ཉི་མའི་གཞལ་ཡས་ཁང་ནི་ཉི་མ་དང་བ་ཞེས་བྱ་བའི་རིན་པོ་ཆེ་ཡིན་པས་ན། འོད་དྲོ་བར་འགྱུར་རོ།། ཟླ་བའི་གཞལ་ཡས་ཁང་ནི་ཟླ་བ་དང་པ་ཞེས་བྱ་བའི།
199b6 ནོར་བུ་རིན་པོ་ཆེ་ཡིན་པས་ན། འོད་བསིལ་ཏེ། དེ་ལྟར་དྲོ་ཞིང་བསིལ་ཏེ། གཞན་གྱིས་བྱས་པ་མེད་དོ།། རྒྱུ་སར་རྣམས་ཀྱང་ཉིད་སེམས་ཅན་ཏེ། སེམས་ཅན་པལ་གྱི་ལས་ཀྱིས་ན། ལྟས་བཟང་ངན་སྟོན
199b7 ཅིང་། འཁོར་བའི་རྒྱུད་ནི་ཅི་ཟླ་བཞིན་ནོ།། ནམ་འཛམ་བུའི་གླིང་དུ་ཅིམ་ཤར་བ་ན། ཤར་ཕྱོགས་སུ་བྱེད་རོ།། འཛམ་བུའི་གླིང་དུ་མིམ་ཕྱེད་པ་ན། ནུབ་ཕྱོགས་སུ་ཤར་ཏོ།། འཛམ་བུའི་གླིང་དུ་ཅིམ་ནུབ་པ།




iiif viewer powered by OpenSeadragon

199a - 200a

Texts on this page

Ty055-003 - mdzod dang 'jig rten brjod pa'i mdo bam po gcig go