| | e-texts navigator
|
199a1 ། གནས་སུ་སྐྱེ་བར་བྱ་བ་ནི་དུག་སྤངས་ནས། བདུད་རྩི་བླང་བའི་རིགས་སོ།། འཇམ་བུ་གླིང་ནས་དཔག་ཚད་ལྔ་བརྒྱའི་འོག་ན། ཡི་དགས་ཀྱི་གནས་གཞི་ཆེན་པོ་ཡོད་དེ། ཡི
199a2 དགས་ཀྱི་རྒྱལ་པོ་གཤིན་རྗེས་ཆོས་ཀྱི་རྒྱལ་པོ་དེ་ན་འདུག་སྟེ། སེམས་ཅན་སོ་སོ་ནས་བསྲུང་བའི་ལྷ་འཁོད་པ་རྣམས་ཀྱིས། སེམས་ཅན་དེ་ཤིན་དེའི་ལས་ལེགས་ཉེས་དྲིས་ནས་གཤིན་རྗེའི་ཆོས་ཀྱི་རྒྱལ
199a3 པོ་དྲི་ལ་འབུལ་ཏེ། དེས་སེམས་ཅན་དེ་བཀུག་ནས་རྨས་ཏེ་ཁོ་ནའི་ལས་ལེགས་ཉེས་ལས། ཆུངད་བཟང་ངན་བསྟན་ཏེ་དེར་འགྲོའོ།། ཡི་དགས་ཀྱི་གནས་གཞི་ཆེན་པོ་དེའི་ཡིན་མོད་ཀྱི། ཁོང་ཏ་ལས་ཀྱི
199a4 ནི་མིའི་འཇིག་རྟེན་ན་ཡང་མཐུ་ཆེ་ཞིང་། གནས་དེ་ན་འཁོད་པ་ཡང་ཡོད། རི་དང་། ནགས་དང་། བྲག་དང་། ཕུག་དང་། ལུ་མ་དང་། ཤིང་ལ་སོགས་པ་ལ་གནས་ཤིང་ལོངས་སྤྱོད་དང་ལྡན་པ་ཡང་ཡོད།།
199a5 དེ་དག་གི་ནང་ནས་སེམས་ཅན་ལ་གནོད་པར་བྱེད་ཅིང་ཟས་སུ་ཤ་ཁྲག་དང་། ཆང་དང་། སྥུ་རུས་ལ་སོགས་པ་ཟ་བ་ཡང་ཡོད། ཁ་ཅིག་དུར་ཁྲོད་དང་། ཁང་རུལ་དང་། མཚེར་དང་། ལམ་ཁ་དང་། ལུང
199a6 ཁུང་དང་། ངན་སྐྱུགས་ཀྱི་ས་དང་། གཞི་ངན་ནེ་ཅོག་ན་གནས་ཤིང་། སེམས་ཅན་ལ་གནོད་པ་བྱེད་དེ། ཟས་སུ་ཡང་སྒོ་དྲུག་རས་ཟག་པ་ལ་སོགས་པ་སྨེའོ་ཅོག་ཡན་ཆད་ཟ་ཞིང་། སེམས་ཅན་ལ་ཡང
199a7 གནོད་པ་གྲངས་མེད་པར་བྱེད་པ་ཡང་ཡོད། ཁ་ཅིག་ནི་རང་གི་བུ་དང་། གཅིག་ལ་གཅིག་ཟ་ཞིང་འཆེ་བ་དང་། ཁ་ཟས་མར་མཐོང་ཞིང་ཁར་བཅུག་ཀྱང་མེར་འབར་ལ། བཀྲེས་སྐོམ་གྱིས་སྡུག
iiif viewer powered by OpenSeadragon
198b - 199b