e-texts navigator
Collection
Volume
Page
Wylie

198a1 རོ།། ཤར་ཕྱོགས་ཀྱི་ཐིང་ནི་ལུས་འཕགས་པོ་ཞེས་བྱ་སྟེ། དེའི་འཁོར་གླིང་ཕྲན་ལུས་དང་འཕགས་པོ་ཞེས་བྱ་བ་ལ་སོགས་པ་ལྔ་བརྒྱ་ཡོད་དོ།། ཐིང་ལུས་འཕགས་པོ
198a2 དབྱིབས་ནི་ཟླ་གམ་འདྲ་སྟེ། ངོས་གསུམ་གྱི་སྲིད་ཀྱི་ཚད་ནི་འཛམ་བུའི་གླིང་དང་འདྲའོ།། ཟླུམ་པོའི་ངོས་ཐ་མ་ནི་རཔག་ཆུང་རྣཾས་བཅཝ་ལྔ་བཅུ་ཡོད་དོ།། བྱང་ཕྱོགས་ཀྱི་གྲོང་ནི་བྱང་གི་སྒྲ་མི་སྙན་ཅེས་བྱ་སྟེ། 26།
198a3 འཁོར་གླིང་ཕྲན་བྱེད་པ་དང་། སྒྲ་སྙན་ཅེས་བྱ་བ་ལ་སོགས་པ་ལྔ་བརྒྱ་ཡོད་དོ།། གླིང་སྤ་མོ་སྙན་གྱི་དབྱིབས་ནི་གྲུ་བཞི་སྟེ། ངོས་གཅིག་ཀྱང་དཔག་ཚད་བརྒྱད་སྟོང་ཡོད་དོ།། ནུབ་ཕྱོགས་ཀྱི་གླིང་ནི་ནུབ་ཀྱི་ཕ
198a4 ལང་སྤྱོད་ཅེས་བྱ་སྟེ། དེའི་འཁོར་གླིད་ཕྲན་ནི་གཡོ་དང་བློར་ལྷག་ཅེས་བྱ་བ་ལ་སོགས་པ་ལྔ་བརྒྱ་ཡོད་དོ།། གླིང་བ་ལབ་སྤྱོད་དེའི་དབྱིབས་ནི་ཟླ་བ་ཉ་བའི་བཞིན་དུ་ཟླུམ་སྟེ། ཁོ་ར་ཁོར་ཡུག་སྲིད་དུ་དཔག
198a5 ཆང་དྲུག་སྟོང་ལྔ་བརྒྱ་ཡོད་དོ།། འཛམ་བུའི་གླིང་འོག་ཐུར་དུ་དཔག་ཚད་ཅི་ཁྲི་ལས་འདས་པ་ན། སེམས་ཅན་དམྱལ་བ་ཆེན་པོ་མཚམས་མེད་པ་ཞེས་བྱ་བ་ཡོད་དེ།། དབྱིབས་གྲུབ་ནི་ངོས་གཅིག་ཀྱང་སྲིད།
198a6 དཔག་ཆང་རྩ་ཁྲི་ཅི་ཁྲི་ཡོད་དོ།། འཕང་དུ་ཡང་དེ་བཞིན་ནོ།། སེམས་ཅན་གང་ལས་ཐམས་ཅད་གཅོད་པར་བྱེད་པའི་སྡིག་ཅན་རྣམས་ནི་གནས་དེར་སྐྱེའོ།། དེ་ན་སྡུག་བསྔལ་ཤིན་ཏུ་གནོད་པ་མི་བཟད་པ
198a7 རྒྱུན་བར་ཆད་པ་མེད་པས་ན། མཚམས་མེད་པ་ཞེས་བྱའོ།། དེའི་སྟེང་ན་སེམས་ཅན་དམྱལ་བ་རབ་ཏུ་ཆེ་བ་ཞེས་བྱ་བ་ཡོད་དོ།། དེའི་སྟེང་ན་སེམས་ཅན་དམྱལ་བ་ཚ་བ་ཞེས་བྱའོ།། དེའི་སྟེང་མ་ཆེར་འབོད




iiif viewer powered by OpenSeadragon

197b - 198b

Texts on this page

Ty055-003 - mdzod dang 'jig rten brjod pa'i mdo bam po gcig go