e-texts navigator
Collection
Volume
Page
Wylie

196b1 ན་ཡང་དཔག་ཆད་པ་ནི་ཁྲི་ཡོད་དོ།། དེའི་ཆུབ་གསེར་གྱི་རི་སེང་ལྡེང་ཞེས་བྱ་སྟེ། འཕང་དུ་དཔག་ཚད་ཁྲི་སོང་ངོ་དོ།། དེ་གཉིས་ཀྱི་བར་ནི་དཔག་ཚད་མི་ཁྲི་ཡོད་དོ།། དེའི་རྒྱུ་བ་བཞི་པ་ནི་བཟང་སྣང་ཞེས་བྱ་སྟེ།
196b2 འཕང་དུ་དཔག་ཚད་ལྔ་སྟོང་ཡོད། སྔ་མ་དང་གཉིས་ཀྱི་བར་ནི་དཔག་ཚད་ཁྲིའོ།། ལྔ་པ་ནི་རྟ་ན་ཞེས་བྱ་སྟེ། འཕང་དུ་དཔག་ཚད་ཅིས་སྟོང་ལྔ་བརྒྱའོ།། སྔ་མ་གཉིས་ཀྱི་བར་ནི་དཔག་ཚད་ལྔ་སྟོང་ཡོད་དོ།།
196b3 དྲུག་པ་ནི་ཁྱད་པར་འབྱིན་ཅེས་བྱ་སྟེ། འཕང་དུ་དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུ་ཡོད་དོ།། ལྔ་པ་དང་གཉིས་ཀྱི་བར་ནི་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཡོད་དོ།། གསེར་གྱི་རི་ཐ་མ་བདུན་པ་ནི་རྨང་འཛིན་ཅེས
196b4 བྱ་སྟེ། འཕང་དུ་དཔག་ཚད་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ཡོད་དོ།། སྔ་མ་དང་གཉིས་ཀྱི་བར་ན་དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུ་ཡོད་དོ།། རི་རྨང་འཛིན་དང་། འཁོར་གྱིས་བསྐོར་བའི་བར་ནི་དཔག་ཚད་སུམ
196b5 འབུམ་ཉི་ཁྲི་ཡོད་དོ།། ལྕགས་ཀྱི་རི་ཁོ་ར་ཁོར་ཡུག་གི་འཕང་ནི། བ་ཚྭའི་ཆུ་ལས་གྱེན་དུ་དཔག་ཚད་སུམ་བརྒྱ་རྩ་ཕྱེན་དང་གསུམ་ཡོད་དོ།། ལྕགས་ཀྱི་རི་དང་གསེར་གྱི་རི་དེ་བདུན་ཆར་ཡང་ཞེང་ཚད་འདྲ།
196b6 སྟེ། འཕང་ཇི་ཙམ་པ་དང་མཉམ་མོ།། རི་རབ་དང་གསེར་གྱི་རི་བདུན་པོ་དེ་དག་གི་བར་ནི་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་སྟེ། དེའི་གཏིང་ཡང་གསེར་གྱི་གཞི་ལ་ཐུག་གོ། ཡོན་ཏན་བརྒྱད་པོ་ནི
196b7 བསིལ་བ་དང་། རོ་ཞིམ་པ་དང་། ཡང་བ་དང་། འཇམ་པ་དང་། དང་བ་དང་། དྲི་ཞིམ་པ་དང་། མགྲིན་པ་ལ་མི་གནོད་པ་དང་། ཁོང་ལ་མི་གནོད་པ་བརྒྱད་དོ།། རི་རབ་ཀྱི་བང་རིམ་ཐ་མ་ནི། གྱོ་མོ་འཛིན




iiif viewer powered by OpenSeadragon

196a - 197a

Texts on this page

Ty055-003 - mdzod dang 'jig rten brjod pa'i mdo bam po gcig go