| | e-texts navigator
|
196a1 དེའི་ཡང་མཐའ་ནི་ལྕགས་ཀྱི་རི་ཁོ་ར་ཁོར་ཡུག་གིས་བསྐོར་ཏེ། དེ་ལྟར་ན་འཇིག་རྟེན་འདི་རྣམས་ཀྱང་གཞི་ནམ་མཁའ་དང་གསེར་ལ་བརྟེན་ཏེ། རི་རབ་དེའི་ཚད
196a2 དང་དབྱིབས་དང་རྒྱུ་ནི་འདི་ལྟ་སྟེ། འཕང་ཚད་ནི་དཔག་ཚད་འབུམ་དྲུག་ཁྲི་ལས། བརྒྱད་ཁྲི་ནི་ཆུའི་ནང་དུ་ཞུགས་ནས། གསུར་གྱི་ས་གཞི་ལ་ཟུག་གོ།། བརྒྱད་ཁྲི་ནི་གྱེན་དུ་བྱུང་ངོ་།། དབྱིབས་ནི
196a3 གྲུ་བཞི་སྙོམས་པ་སྟེ་ངོས་གཅིག་ཀྱང་དཔག་ཚད་ཉི་ཁྲི་ཉི་ཁྲི་ཡོད་དོ།། རྒྱུ་ནི་རིན་པོ་ཆེ་བཞི་སྟེ། གསེར་དང་། དངུལ་དང་། བཻ་ཆུཪྵ་དང་། ཤེལ་ཏེ། ཤེལ་ནི་ཤར་ཕྱོགས་ཀྱི་ངེས། གསེར་ནི་བྱེད།
196a4 དངུལ་ནི་རུ་བ། བཻ་ཌཱུརྱ་ནི་ལྷོ་ཕྱོགས་ཀྱི་ངོས་ཏེ། དེ་ལྟ་བས་ན་རམ་མཁའི་འོད་བཻ་ཌཱུཪྻའི་ཁ་དོག་ཏུ་སྣང་ངོ་།། རི་རབ་རིའི་རྒྱལ་པོ་དེའི་ཁོ་ར་ཁོར་ཡུག་ཏུ། བང་རིམ་གྱེར་དུ་བཞི་ཡོད་དོ།། དེའི་འཕང་ཚད།
196a5 ནི་རིམས་ཀྱིས་གཅིག་ཀྱང་བླ་འོག་གི་བར་ན། དཔག་ཚད་ཁྲི་ཡོད་དེ་མཚུངས་སོ།། ཞེང་དུ་ནི་རི་རབ་ལས་བང་རིམ་ཐ་མ་ནི་དཔག་ཚད་ཁྲི་དྲུག་སྟོང་བྱུང་ངོ་།། གོང་མ་གཅིས་ནི་དཔག་ཚད་བརྒྱད་སྟོང་།
196a6 གསུམ་པ་ནི་དཔག་ཚད་བཞི་སྟོང་། བཞི་པ་ནི་དཔག་ཚད་ཉིས་སྟོང་བྱུང་ངོ་།། རི་རབ་རིའི་རྒྱལ་པོ་དེའི་འཁོར། གསེར་གྱི་རི་བདུན་དང་པོ་ནི། མིང་ཟུང་འཛིན་ཅེས་བྱ་སྟེ། འཕང་དུ་ནི་ཆུ་ལས་གྱེན་དུ་དཔག
196a7 ཚད་བཞི་ཁྲི་ཡོད། རི་རབ་དང་དེ་གཉིས་ཀྱི་བར་ན་དཔག་ཚད་བརྒྱད་ཁྲི་ཡོད་དོ།། དེའི་རྒྱབ་གསེར་གྱི་རི་གཉིས་པ་ནི། གཤོལ་མདའ་འཛིན་ཅེས་བྱ་སྟེ། འཕང་དུ་དཔག་ཚད་ཉི་ཁྲི་ཡོད་དོ།། རི་དེ་གཉིས་ཀྱི་བར
iiif viewer powered by OpenSeadragon
195b - 196b