| | e-texts navigator
|
195b1 པ་དེ་ཐམས་ཅད་སེམས་ཅན་གྱི་ལས་ལས་གྱུར་ཏེ། འཇིག་རྟེན་གྱི་གཞི་ཇི་ལྟ་བུར་གནས་ཤེས་པ་ནི། དེ་འདི་ལྟ་སྟེ། ས་འདིའི་འོག་ནི་གསེར་གྱི་ག་ནིའོ།། དེའི་འོག་ན་ཆུའི་དཀྱིལ་འཁོར་རོ།། དེའི་འོག་ན།
195b2 རླུང་གི་དཀྱིལ་འཁོར་ཏེ། རླུང་གི་དཀྱིལ་འཁོར་དེའི་འོག་ནཱནམ་མཁའ་སྐྱེ།། དེ་ནམ་མཁའ་ལ་གནས་སོ།། རླུང་གི་དཀྱིལ་འཁོར་དེའི་འཕང་གི་ཚད་ནི་དཔག་ཆད་འབུམ་དྲུག་ཁྲི་སོང་དོ།། ཞེང་ལ་ནི་ཚད་མེད
195b3 དོ།། རླུང་གི་དཀྱིལ་འཁོར་གྱི་བརྡམས་ནི། མཐུ་བོ་ཆེའི་རྡོ་རྗེས་ཀྱང་ཡོང་མི་ཚུགས་སོ།། རླུང་གི་དཀྱིལ་འཁོར་དེའི་སྟེང་ན། ཆུའི་དཀྱིལ་འཁོར་ནི་རླུང་དེ་ལས་པ་ཚྭའི་སྤྲིན་ལངས་ཏེ། ཆར་གཉའ
195b4 ཤིང་ཙམ་གྱི་རྒྱུན་བབས་ནས། ཆུའི་དཀྱིལ་འཁོར་དུ་གྱུར་ཏོ།། དེའི་འཕང་ཆད་ནི་དཔག་ཚད་འབུམ་སུམ་ཁྲི་ཡོད་དོ།། དེ་ལ་རླུང་ཆེན་པོ་ལངས་ཏེ། སྲུབས་ཤིང་བརྨོངས་ནས་དབུ་བར་གྱུར།
195b5 དབུ་བ་ལས་འཐས་ཏེ་ཀ་གསེར་གྱི་ས་གཞིར་གྱུར་ཏེ། དཔེ་འོ་མའི་སྤྲི་མ་དང་འདྲའོ།། དེའི་འཕང་ཚད་ནི་དཔག་ཚད་ལྔ་ཁྲི་ཡོད་དོ།། འོག་གི་ཆུ་དང་གསེར་གྱི་གཞི་དེ་གཉིས་ཀའི་འཕང་ཆད
195b6 ནིདཔག་ཚད་འབུམ་བརྒྱད་ཁྲི་ཡོད་དོ།། ཆུའི་དཀྱིལ་འཁོར་གྱི་ཞེང་དང་། གསེར་གྱི་ས་གཞིའི་ཞེང་ཚད་མཉམ་སྟེ། དཔག་ཚད་འབུམ་ཉི་ཁྲི་སུམ་སྟོང་ལྔ་བརྒྱ་ཡོད་དོ།། གསེར་གྱི་གཞི
195b7 དེའི་སྟེང་ནས། རི་རབ་རིའི་རྒྱལ་པོ་དང་། དེའི་འཁོར་གསེར་གྱི་རི་བདུན་གྱེན་དུ་བྱུང་ངོ་།། རི་དེའི་རྒྱབ་ནི་གླིང་ཆེན་པོ་བཞི་ལ་སོགས་པ་གནས་ཏེ། དེའི་བར་དང་མཐའ་ནི་བ་ཚྭའི་ཆུས་གང་ངོ་།།
iiif viewer powered by OpenSeadragon
195a - 196a