| | e-texts navigator
|
17a1 བུ་གླིང་གི་མི་རྣམས་ཁ་ཅིག་ནི་གོས་ཁྲུ་ཚད་འདི་ལྟ་བུར་བརྩིས་པའི་ཁྲུ་བརྒྱད་པ་གོན་ནོ།། ཁ་ཅིག་ནི་ཁྲུ་བཅུ་པའོ།། ཤར་གྱི་ལུས་འཕགས་པོ
17a2 རྣམས་ཀྱི་ནི་ཁྲུ་ཉི་ཤུ་པའོ།། ནུབ་ཀྱི་བ་ལང་སྤྱོད་ཀྱི་ནརྀ་ཁྲུ་བཞི་བཅུའོ།། བྱང་གི་སྒྲ་མི་སྙར་གྱི་མི་རྣམས་ནི་དཔག་བསམས་ཤིང་ལས་བྱུང་བའི་གྲོ་ཁྲུ་བརྒྱད་ཅུ་པ་གྱོན་ནོ།།
17a3 རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱང་ལུས་ལ་ཅི་རན་པའི་གོས་གྱོན་ནོ།། རྒྱལ་ཆེན་བཞིའི་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐུབ་བྲལ་བ་རྣམས་དང
17a4 དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་དང་། ཚངས་རིས་པ་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས།
17a5 དང་། ཚངས་པ་ཆེན་པོ་པ་རྣམས་དང་། འོད་ཆུང་བ་རྣམས་དང་། ཚད་མེད་འོང་པ་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དགེ
17a6 བ་རྣམས་དང་། དགྲ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་། སོད་ནམས་སྐྱེས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང
17a7 བ་རྣམས་དང་། གྱ་ནོམ་སྣང་བ་པ་རྣམས་དང་། ཤཱི་ཏུ་མཐོང་བ་པ་རྣམས་དང་། འོག་མིན་པ་རྣམས་ཀྱི་ཡང་དེ་བཞིན་ནོ།། ཇི་ལྟར་འཛམ་བུའི་གླིང་གིམི་རྣམས་ལ་དབང
iiif viewer powered by OpenSeadragon
16b - 17b