e-texts navigator
Collection
Volume
Page
Wylie

137a1 ཏེ། སྡུག་བསྔལ་ཞིང་མི་བཟོད་ལ་རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་ཉིད་མ་ཚན་དུ་ཉམས་སུ་མྱོང་སྟེ། དེ་བས་ན། དེ་ལྟར་ཉེས་བྱས་ལས་བྱེད་པ།། ཉིན་མཚན་དུ་ན
137a2 ཆོ་ངེས་འདེབས།། ཞེས་བྱའོ།། དེ་ནི་སྒྲ་ཆེན་རབ་ཏུ་སྒྲགས།། འཕང་མདུང་གིས་ཕོག་གླང་ཆེན་བཞིན།། ཞེས་བྱ་བ་ནི་དེ་དག་སྡུག་བསྔལ་མི་བཟད་པས་ཟིལ་གྱིས་ནོན་ཏེ། གླང་པོ་ཆེ་དག་འཕང་མདུང
137a3 གིགིས་ཕོག་པ་དང་། ལྕགས་ཀྱུས་དྲངས་པ་བཞིན་དུ་སྐད་ཤིན་ཏུ་ཆེ་བས་སྒྲ་སྒྲོགས་ཏེ། དེ་བས་ན། དེ་ནི་སྒྲ་ཆེན་རབ་ཏུ་སྒྲོགས།། འཕང་མདུང་གིས་པོག་གླང་ཆེན་བཞིན།། ཞེས་བྱའོ།། མི་རྣམས་ཀྱི་ལ
137a4 སུམ་ཁྲི་གང་ཡིན་པ་དེ་ནི་སེམས་ཅན་དམྱལ་བ་ཁ་ཅིག་གི་ནམ་གྱི་ཆ་སྐྲོད་དོ།། ཁ་ཅིག་གི་ནི་ནམ་གྱི་གུང་ཐུན་གྱི་བར་རོ།། ཁ་ཅིག་གི་ནི་ནིམ་གྱི་ཆ་སྨད་ཀྱི་བར་རོ།། ལོ་དགུ་ཁྲིལ་ནི་མཚན་གཅིག་གོ།། ལོ་དགུ་ཁྲིལ་ནི
137a5 ཉིན་གཅིག་གོ།། ལོ་འབུམ་ཕྲག་བརྒྱད་ཁྲི་ལ་ནི་ཉིན་ཞག་གཅིག་གོ། མི་རྣམས་ལོ་ནི་འདི་དག་ན།། དགུ་ཁྲི་རྙེད་ནི་གང་ཡིན་ཏེ།། དམྱལ་བ་དག་ན་མཚན་གཅིག་སྟེ།། ཉིན་གཅིག་ཚད་ཀྱང་དེ་ཙམ་མོ།། བྱིས་པ་མི་ཁོམས།།
137a6 བ་རྣམས།། བརླང་བའི་ལས་ནི་རབ་རྫོགས་པས།། འདི་ལྟ་བུ་ཡི་ལོ་བགྲངས་པར།། ཡུན་རིང་དག་ཏུ་འཚེད་པར་འགྱུར།། འདི་དག་དང་ནི་གཞན་ཡང་རབ་མང་མཐའ་ཡས་པའི།། སྡུག་བསྔལ་དམྱལ་བ་རྣམས་སུ
137a7 བྱིས་པ་དག་གིས་སྤོང་།། དེ་དག་མཐའ་ཡས་པས་ན་བརྗོད་པར་སླ་བ་མིན།། བདག་གིས་སུ་ནི་ཕྱོགས་ཆ་ཙམ་གཅིག་བརྗོད་པར་ཟད།། འཇིག་རྟེན་བཞག་པ་ལས་ཚིགས་བཅུ་བཞི་པ་སྟེ་འཇིག་རྟེན་བཞག་པ




iiif viewer powered by OpenSeadragon

136b - 137b

Texts on this page

Ty055-001 - 'jig rten gzhag pa