| | e-texts navigator
|
136b1 རྣམས་ཏེ། དེ་བས་ན་སྡོམ་ཅམ་ཞེས་བྱའོ།། དཀའ་ཐུབ་ཅན་ཞེས་བྱ་བ་ནི་སྦྱངས་པའི་ཡོན་ཏན་སྣ་ཚོགས་ཡང་དག་པར་བླངས་པའོ་བླར། དཀའ་ཐུབ་ཅན་ཞེས་བྱ་སྟེ། དེ་བས་ན་དཀའ་ཐུབ་ཅན་ཞེས་བྱའོ།།
136b2 རྐང་པ་མཐོ་ཞིང་སྤྱིརུ་ཚུགས་སུ།། དམྱལ་བ་དེར་ནི་ལྟུང་བར་འགྱུར།། ཞེས་བྱ་བ་ནི་འཇུངས་པ་དེ་དག་གིས་ཉེས་པར་སྤྱོད་པ་དེ་དག་དེ་ལྟ་བུར་ཡང་དག་པར་བླངས་པ་དང་། ཀུན་ཏུ་སྤྱད་པས་སེམས་ཅན་དམྱལ
136b3 བ་ཆེན་པོ་བརྒྱད་པོ་དེ་དག་ཏུ་འདོར་ཏེ། དེ་བས་ན། རྐང་པ་མཐོ་ཞིང་སྤྱིའུ་ཚུགས་སུ།། དམྱལ་བ་དེར་ནི་ལྷུང་བར་འགྱུར།། ཞེས་བྱའོ།། དབང་པོ་ཉམས་པ་དེ་དག་འཚེད།། ཅེས་བྱ་བ་ནི་དེ་དག་དབང་པོ་མ
136b4 དུལ་བའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་འདི་དག་ཏུ་སྐྱེ་ཞིང་། ཉིན་མཚན་དུ་འཚེད་དེ། དེ་བས་ན། དབང་པོ་ཉམས་པ་དེ་དག་འཚེད།། ཅེས་བྱའོ།། ཉ་ནི་སྐམ་ལ་བོར་བ་བཞིན།། ཞེས་བྱ་བ་ནི་རྫ།
136b5 ལྟར་ཉ་ཆུ་ནས་བཏོན་ཏེ། སྐམ་སར་བོར་བ་རྣམས་སྡུག་བསྔལ་ཞིང་ཉམ་ཐག་ནས་འདར་བ་དེ་བཞིན་དུ། འཇིག་རྟེན་འདི་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་བོར་ཏེ། སྡུག
136b6 བསྔལ་ཞིང་ཉས་ཐག་ནས་འདར་ཏེ། དེ་བས་ན། དབང་པོ་ཉམས་པ་དེ་དག་འཚེད།། ཅནི་སྐེམ་ལ་བོར་བ་བཞིན།། ཞེས་བྱའོ།། དེ་ལྟར་ཅེས་བྱས་ལས་བྱེད་པ།། ཉིན་མཚན་དུ་ནི་ཆོ་ངེས་འདེབས།། ཞེས
136b7 བྱ་བ་ནི་ལས་དཀར་པོ་སྤངས་ཤིང་མི་དགེ་བའི་ཆོས་ལ་ཞུགས་པ་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དེ་དག་ཏུ་སྐྱེས་ནས། རྟག་པར་རྒྱུན་མ་ཆད་པར་ཡུན་རིང་པོར་ཉམ་ཐག་པའི་ང་རོས་ཆོངས་འདེབས
iiif viewer powered by OpenSeadragon
136a - 137a