e-texts navigator
Collection
Volume
Page
Wylie

135b1 བ་ཆེན་པོ་མནར་མེད་པ་ལྕགས་ཀྱི་རབས་ཀུན་ནས་བསྐོར་ཏེ། མནར་མེད་པ་ཇི་ལྟ་བ་བཞིན་དུ་ཡང་སོས་ཀྱི་བར་དུ་ཡང་དེ་བཞིན་ཏེ། དེ་བས་ན། ལྕགས་ཀྱི་རབས་ཀུན་ནས་བསྐོར། ཅེས་བྱའོ།།
135b2 ལྗགས་ཀྱིས་ས་ནི་ཤིན་ཏུ་ཁེབས། ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ལྕགས་ཀྱི་དྲབས་ཡོངས་སུ་ཁེབས་ཏེ། མནར་མེད་པ་ཇི་ལྟ་བ་དེ་བཞིན་དུ། ཡང་སོས་ཀྱི་བར་དུ་ཡང་དེ
135b3 བཞིན་ཏེ། དེ་བས་ན། ལྕགས་ཀྱི་ས་ནི་ཤིན་ཏུ་ཁེབས།། ཞེས་བྱའོ།། ལྕགས་ཀྱི་ས་གཞི་རབ་ཆ་བ།། འབར་ཞིང་གཟི་བརྗིད་ལྡན་པ་སྟེ།། དཔག་ཚད་བརྒྱ་ཕྲག་དུ་མར་ཡང་།། མེ་ལྕེ་རྣམས་ནི་མཆེད་པར
135b4 གནས།། ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་དཔག་ཚད་མང་པོ་དང་། དཔག་ཚད་བརྒྱ་ཕྲག་མང་པོ་དང་། དཔག་ཚད་སྟོང་ཕྲག་མང་པོ་དང་། དཔག་ཚད་བརྒྱ་སྟོང་ཕྲག་མང་པོར་ལྕགས་འབར་ཞིང
135b5 རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་ཅིང་སྲེག་པའོ།། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཇི་ལྟ་བ་དེ་བཞིན་དུ་ཡང་སོས་ཀྱི་བར་དུ་ཡང་དེ་བཞིན་ཏེ། དེ་བས་ན། ལྕགས་ཀྱིས
135b6 གཞི་རབ་ཆབ།། འབར་ཞིང་གཟི་བརྗིད་ལྡན་པ་སྟེ།། དཔག་ཚད་བཅཝ་ཕྲག་དུ་མར་ཡང་།། མེ་ལྕེ་རྣམས་ནི་མཆེད་པར་གནས།། ཞེས་ཀྱང་བྱའོ།། འཇུངས་པ་འདུལ་བ་དྲག་པོ་སྟེ།། མེ་ལྕེ་ལྡན་ཞིང་བསྟེན་པར་དཀའ།
135b7 དེ་དག་པ་སྤུ་སློང་བའི་གཟུགས།། འཇིགས་ཤིང་སྡུག་བསྔལ་འཇིགས་པར་བྱེད།། ཅེས་བྱ་བ་ལ། འཇུངས་པ་ཞེས་པ་ནི། གང་དག་སེར་ས་ཅན་སྔར་འཛུམས་ཤིང་། ཡོ་བྱད་རྣམས་ཀུན་ཏུ་འཛིན་ལ་སྦྱིན




iiif viewer powered by OpenSeadragon

135a - 136a

Texts on this page

Ty055-001 - 'jig rten gzhag pa