e-texts navigator
Collection
Volume
Page
Wylie

132b1 འབར་བ་ནས། རྒྱས་པར་བྱ་སྟེ། ཀུན་ཀྱལ་དུ་མནན་ནས། ཀྱེ་སེམས་ཅན་དག་ཅི་འདོད་ཅེས་འདྲིའོ།། དེ་དག་གིས་སྨྲས་པ། ཀྱེ་བདག་ཅག་ཉིད་ཀྱང་མི་ཤེས་ལ། བདག་ཅག་ཅིང་ཀྱང་མི་མཐོང་ངོ་།། འོན་ཀྱང་།
132b2 བདག་ཅག་ནི་བཀྲེས་སོ་ཞེས་ནས།། དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་ལྕགས་ཀྱི་སྤྱན་ཀྱིས་ཁ་བྱེ་ནས། ལྕགས་ཀྱི་སྐམ་པས་ལྕགས་ཀྱི་ཐུ་ལུམ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རང
132b3 ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་དག་ཁར་འཛུད་དེ། སེམས་ཅན་དེ་དག་གི་མཆུ་དག་ཀྱང་ཚིག་ཅིང་། ལྕེ་དང་། རྐན་དང་། ལྐོག་མ་དང་། མིད་པའི་སྔགས་དང་། སྙིང་དང་། སྙིང་ཀའི་གཅེར་ཀོར་དང་། རྒྱུ་མ
132b4 དང་། གཉེ་མ་རྣམས་ཀྱང་ཚིག་ནས་ཐུར་དུ་འབྱུང་ངོ་།། གཞན་ཡང་སེམས་ཅན་དམྱལ་བའི་སྲུངས་མ་དེ་དག་གིས་སེམས་ཅན་དེ་དག་མཆིལ་པས་ཉ་དབྱུང་བ་བཞིན་དུ་ཕྱུང་ནས། ལྕགས་ཀྱི་ས་གཞི་འབར་ཞིང་རབ
132b5 ཐུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་ལ་ཀན་ཀྱལ་དུ་མནན་ནས། ཀྱེ་སེམས་ཅན་དག་ཅི་འདོད་ཅེས་འདྲའོ།། དེ་དག་གིས་སྤྲས་པ། ཀྱི་བདག་ཅག་ཉིད་ཀྱང་མི་ཤེས་ལ། བདག
132b6 ཅག་ཉིད་ཀྱང་མ་མཐོང་ངོ་།། འོན་ཀྱང་བདག་ནི་སྐོམ་མོ་ཞེས་ནས། དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་ལྕགས་ཀྱི་སྤྱད་ཀྱིས་ཁ་ཕྱེ་ནས། ཟངས་ཀྱི་སྒྲོལ་བ་འབར་ཞིང་རབ་ཏུ་འབར་ལ། ཀུན
132b7 ཏྲ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་ཁར་ཐུགས་ཏེ། སེམས་ཅན་དེ་དག་གི་མཆུ་དག་ཀྱང་ཚིག་པ་ནས། ཟུར་དུ་འབྱུང་བའི་བར་དུ་སྟེ། དེ་དག་དེ་ལྟ་བུའི་སྡུག་བསྔལ་གྱིས་ཞེས་བྱ་བ་ནས། རྒྱས




iiif viewer powered by OpenSeadragon

132a - 133a

Texts on this page

Ty055-001 - 'jig rten gzhag pa