| | e-texts navigator
|
131b1 དང་། རྣ་བ་དང་། སྣ་དག་དང་། ཡན་ལག་དང་། ཉིང་ལག་དང་། གཞན་དང་གཞན་དག་ཀྱང་གཅོད་དེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ཞེས་བྱ་བ་ནས། སྔ་མ་བཞིན་ནོ།། ལོ་མ་རལ་གྲི་སོ་ལྟ་བུའི་ཚལ་དེ་ན་ཁྱིནད།
131b2 བཀྲ་ཞེས་བྱ་བ་གནས་ཏེ། སེམས་ཅན་དེ་དག་ས་ལ་སྤྱིའུ་ཚུགས་སུ་བརྡབས་ནས། ས་ཚན་གཡས་གཡོན་གྱི་པགས་པ་དང་། སྐལ་ཚིགས་ཕྱུང་ཞིང་ཕྱུང་ནིང་ཟའོ།། ལོ་མ་རལ་གྲིའི་སོ་ལྟ་བུའི་ཚ
131b3 དེའི་འདབ་དྲུང་ཉིད་ན། ལྕགས་ཀྱི་ཤིང་ཤལ་མ་ལི་དཔག་ཚད་མང་པོ་ཞེས་བྱ་བ་ནས། སྔ་མ་བཞིན་ཏེ། མི་འགྲེང་བརྒྱ་ཕྲག་ས་ཡའི་སྲིད་ཙམ་ཡོད་པ། ཚེར་མ་རྣོ་ཞིང་སོར་བཅུ་དྲུག་པ་ལ་ཚལ་སྔོན་པོའི
131b4 འཕྲེང་བ་ལྟར་སྣང་བ་ཡོད་དེ། སེམས་ཅན་དེ་དག་དེའི་ནང་དུ་འགྲོ་ཞིང་གནས་ཚོལ་བ་ནས། སྔ་མ་བཞིན་ཏེ། དེ་དག་དེ་ལ་འཛེག་གོ། དེ་དག་དེ་ལ་འཛེག་ན་ཚེར་མ་རྣམས་ཁ་ཐུར་དུ་ལྷ་ལ། ཕྱིར་འབབ་ན་ཚེར
131b5 མ་རྣམས་ཁ་གྱེན་དུ་ལྷའོ།། ལྕགས་ཀྱི་ཤལ་མ་ལིའི་ཚལ་དེ་ན་ཁྭ་ལྕགས་ཀྱི་མཆུ་ཅན་ཞེས་བྱ་བ་དག་གནས་ཏེ། སེམས་ཅན་དེ་དག་གི་ཕྲག་པ་འམ། མགོ་བོར་འདུག་ནས་མིག་འབྲུ་ཞིང་འབྲུ་ཞིང་ཟའོ།།
131b6 མགོ་བོ་བརྟོལ་ནས་ཀླད་པ་འབྲུའོ།། ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་དེ་ན་ལྕགས་ཀྱི་རྫ་རུམ་དང་། འཁར་ཟངས་པ་ཚའི་ཆུ་ཁོལ་བས་གང་ཞིག་འདུག་པ་ཡོད་དེ། གང་གི་ཚེ་སེམས་ཅན་དེ་དག་ལྕགས
131b7 ཀྱི་ཤིང་ཤལ་མ་ལའི་ཚིལ་ལས་སྣད་ཅིང་སྨས་ཏེ། འབབ་པར་གྱུར་པ་དེའི་ཚེ། སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་སེམས་ཅན་དེ་དག་བཟུང་ནས། ལྕགས་ཀྱི་རྫ་རུས་འཁར་ཟངས་ཀྱི་ནང་དུ
iiif viewer powered by OpenSeadragon
131a - 132a