| | e-texts navigator
|
125b1 རྣམ་པར་སྤྲོས་པ་དེ་དག་གིས་ན། སེམས་ཅན་དམྱལ་བ་ཆེན་པོ་དུ་འབོད་ཆེན་པོ་ཞེས་བྱ་སྟེ། དེ་ན་སྡུག་བསྔལ་ཞིང་། སྲོག་གཅོད་པར་བྱེད་པ་ལས་ཀྱི་གནོད་པ་གཞན་དང་། གྲཝཞ་ནམང་པོ་ག་ཀྱང་ཡོད་པར།
125b2 བར་དུ་རྒྱས་པར་བྱས་ཏེ། འདི་སྐད་དུ། དོར་སྤུ་བྱེད་པའི་མི་རྣམས་ནི།། ངུ་འབོང་ཆེན་པོར་སོང་གྱུར་ནས། ཚིག་ཅིང་སྤུ་ཡང་ལྡང་གྱུར་ལ།། ཁྱིམ་གྱི་ནང་དུ་སྲུང་ཞིང་སྲེག། ཅེས་ཀྱང་བྱའོ།།
125b3 སྐྱེ་བོ་མང་ལ་གནོད་བྱས་ཤིང་།། ཚ་བར་འགྱུར་པའི་ལས་བྱས་པ།། བློ་ངན་ཆ་བར་སོང་ནས་ནི།། སྡུག་བསྔལ་ཚོར་བ་ཉམས་སུ་མྱོང་།། སེམས་ཅན་དམྱལ་བ་ཆེན་པོ་ཚ་བ་ཞེས་བྱ་བ་ལ།། ཅིའི་ཕྱིར
125b4 སེམས་ཅན་དམྱལ་བ་ཆེན་པོ་ཆེ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བ་ཆེན་པོ་ཆེ་བར་སེམས་ཅན་གང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་ནས། འཐོན་པར་འགྱུར་བའི་བར་དུ་སྟེ། སེམས་ཅན་དེ
125b5 ངག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བའི་སྲུངས་མ་དག་གིས། སེམས་ཅན་དེ་དག་བཟུང་ནས་ལྕགས་ཀྱི་ས་གཞི་ལ་གདོང་འབར་ཞིང་རབ་ཏུ་འབར་ལ། ཀུན
125b6 ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པའི་ནང་དུ་རབ་ཏུ་བསྲེགས་ནས། ལྕགས་ཀྱི་སྙམ་པས་ཕྱིར་པུང་སྡེ། ལྕགས་ཀྱི་ཏིན་ལ་བཞག་ནས། ལྤགས་ཀྱི་ཐོབས་བརྡུང་ཞིང་རབ་ཏུ་བརྡུ
125b7 ལན་ཀུན་ཏུ་རབ་ཏུ་བརྡུངས་ཏེ། དཔེར་ན་ལྕགས་མགར་གྱིས་ལུགས་དང་། ཆེན་མོ་སྟེང་གི་མགར་བས་ཆེན་མོ་སྟེང་དང་། ལུགས་མགར་གྱིས་ལུགས་སུ་བྱ་བ་དང་། ཞཙོའི་མཀར་བས་ནི
iiif viewer powered by OpenSeadragon
125a - 126a