| | e-texts navigator
|
124b1 ། དག་འས་པ་ཐར་པའི་དུས་། མ་རབ་ཏུ་འབྲུར་བ་རབཅུའབ་ར་ཟུས་། ས་ས་ཛུགས་པ་ས།
124b2 བྱིབས་པོ་རབ་ཏུ་འབར་བར་བྱས་ནས། སེམས་ཅན་དེ་དག་རབ་ཏུ་འབར་བར་བྱེད་དོ།། དེ་དག་འབར་ཞིང་རབ་ཏུ་འབར་ལཱ། གན་ཐ་རབ་ཏུ་འབར་ཏེ། འབར་བ་གཅིག་སམ་ན
124b3 ཕྱོགས་སུ་བརྒྱུགས་ན་ཡང་སེ་འབའ་ཞིག་མཐོང་བ་ན།། དེ་དག་དེ་ལ་བུའི་ཚུལ་གྱིས་ས་བྱུངས་ཟད་ཀྱི་བར་དུ་རྫུས་བཞིན་ཏེ། མེ་བཟད་པ་དེ་དག་དང་། སྐྱེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་། རྣམ
124b4 པར་སྤྲོས་པ་དེ་དག་གིས་ན། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆུང་ངུ་ཞེས་བྱ་སྟེ། དེ་ན་སྡུག་བསྔལ་ཞིང་མི་བཟད་ལ་རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་བ་སྲོག་གཅོད་པར་བྱེད་པ་ལས
124b5 གནོད་པ་གཞན་དང་། གཞན་མང་པོ་དག་ཀྱང་ཡོད་དེ། འདི་སྐད་དུ། མི་རྣམས་བརླང་འདེབས་རྒྱུ་བྱེད་པའི།། སྐྱེ་བོ་དག་ནི་བསྡུས་ནས་ཀྱང་།། ངུ་འབོད་དུ་ནི་རབ་སྤགས་ཅིང་།། འཇིགས་པའི་ང་།
124b6 རོ་ཆོ་ངེས་འདེབས།། ཞེས་ཀྱང་བྱའོ།། ལྟ་བའི་ཐིབས་པོས་ཁེབས་པ་དང་།། སྲེད་པའི་བཅིང་བས་བཅིངས་པ་དང་།། དམའ་བའི་ལས་ཀྱི་ཀུན་སྤྱོད་པ།། ངུ་འདོད་ཆེན་པོར་སྐྱེ།
124b7 བར་འགྱུར།། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོ་ཞེས་བྱ་བ་ལ། ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བ་ཆེན་པོ་དུ
iiif viewer powered by OpenSeadragon
124a - 125a