e-texts navigator
Collection
Volume
Page
Wylie

122b1 ཏུ་བྱུང་བ་ནས། འཐོན་པར་འགྱུར་བའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། རི་ཆེན་པོ་རྒྱ་ཆེ་བ་དཔག་ཚད་མང་པོ་དང་། དཔག་ཚད་བརྒྱ་ཕྲག་མང་པོ་དང་།
122b2 དཔག་ཆད་སྟོང་ཕྲག་མང་པོ་དང་། དཔག་ཚད་བརྒྱ་སྟོང་ཕྲག་མང་པོ་ཡོད་དེ། སྟེང་གི་ངོས་ནི་མཉམ་ཞིང་སྡུག་ལ། འོག་ན་ནི་ཁྲག་འབྱིན་པར་བྱེད་པའི་ལྕགས་ཡོད་དོ།། དེ་ནས་སེམས་ཅན་དེ་དག་དེར་ཆུག་རིང་དེར་རང
122b3 ཏུ་ཆུག་པ།། དེར་ཀུན་ཏུ་རབ་ཏུ་རྒྱུག་སྟེ། གནས་ཚོལ་ཞིང་སྐྱབས་ཚོལ་ལ། འབྱུང་བའི་ཐབས་ཚོལ་ཞིང་དེ་དག་དེའི་ཕྱོགས་གཅིག་ཏུ་འདུ་སྟེ། གང་གི་ཚེ་བརྒྱ་དྲག་མང་པོ་ཞེས་བྱ་བ་རས། རྒྱས་པར་བྱ
122b4 སྟེ། དེའི་ཚེ་རི་དེ་སེམས་ཅན་དེ་དག་གི་སྟེང་དུ་ལྷུང་སྟེ། སེམས་ཅན་དེ་དག་གླེམས་ཤིང་རབ་ཏུ་གླེམ་ལ། ཀུན་ཏུ་རབ་ཏུ་ཀླེམ་མོ།། གླེམ་ཞིང་རབ་ཏུ་གླེ་མ་ལ། ཀུན་ཏུ་རབ་ཏུ་གླེམས་ནས། གང་གི་ཆེ་བས།
122b5 དེ་ཤི་བར་གྱུར་པ་དེའི་ཚེ་སྟེང་དུ་མི་སྣང་བར་གྱུར་ཏོ།། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་ཞེས་བྱ་བ་ནས། རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་བསྡུས
122b6 གཞོམ་དུ་སེམས་ཅན་གང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པའི་བར་དུ་སྔ་མ་བཞིན་ཏེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། རིའི་སུལ་ཆེན་པོ་དག་དཔག་ཚད་མང་པོའི།།
122b7 དཔག་ཚད་བརྒྱ་ཕྲག་མང་པོའི་བར་དུ་སྔ་མ་བཞིན་ནོ།། དེ་ནས་སེམས་ཅན་དེ་དག་དེར་ཆུག་ཅིང་དེར་རབ་ཏུ་རྒུག་པ་ནས། འབྱུང་བའི་ཐབས་ཚོལ་བའི་བར་དུ་སྔ་མ་བཞིན་ནོ།། དེ་དག་དེར་ཞུགས་པ་ནས།




iiif viewer powered by OpenSeadragon

122a - 123a

Texts on this page

Ty055-001 - 'jig rten gzhag pa