e-texts navigator
Collection
Volume
Page
Wylie

121b1 བསད་དེ་ཤི་བར་གྱུར་པ་དེའི་ཚེ་སྟེང་དུ་མི་སྣང་བར་འགྱུར་རོ།། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ནས། མ་བྱང་མ་ཟད་ཀྱི་བར་དུ་སྔ་མ་བཞིན་ནོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་བསྡུས
121b2 གཞོམ་དུ། སེམས་ཅན་དམྱལ་བ་གང་སྐྱེས་པ་ནས། འཐོན་པར་འགྱུར་བའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བའི་སྲུངས
121b3 མ་དག་གིས་བཟུང་ནས། ལྕགས་ཀྱི་གཏུན་གྱི་ནང་དུ་བཅུག་སྟེ། ལྕགས་ཀྱི་གཏུར་དག་གིས་མྱུར་བ་མྱུར་བར་བརྡུང་ཞིང་རབ་ཏུ་བརྡུང་ལ། ཀུན་ཏུ་རབ་ཏུ་བརྡུང་སྟེ། དཔེར་ན་མི་རྣམས་ཀྱིས་གཏུན
121b4 གྱི་ནང་དུ་འབྲས་ཐུགས་ནས། གཏུན་བུས་མྱུར་བ་མྱུར་བར་བརྡུང་ཞིང་རབ་ཏུ་བརྡུང་ལ། ཀུན་ཏུ་རབ་ཏུ་བརྡུང་བ་དེ་བཞིན་དུ། སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་སེམས་ཅན་དེ་དག་ལྕགས
121b5 གདུན་གྱི་ནང་དུ་བཅུགས་སྟེ། ལྕགས་ཀྱི་གཏུན་བུ་ཞེས་བྱ་བ་ནས། ཀུན་ཏུ་རབ་ཏུ་བརྡུངས་ཏེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ཞེས་བྱ་བའི་བར་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན
121b6 དམྱལ་བ་ཆེན་པོ་བསྡུས་གཱ་ཞོས་དུ་སེམས་ཅན་གང་སྐྱེས་པ་ནས། འཐོན་པར་འགྱུར་བའི་བར་དུ་རྒྱས་པར་བྱ་སྟེ། སེམས་ཅན་དམྱལ་བའི་སྲུངས་མ་དེ་དག་གིས་སེམས་ཅན་དེ་དག་བཟུང་ནས།
121b7 ཀྱི་སྒྲོམ་གྱི་ནང་དུ་བཅུག་སྟེ། ལྕགས་ཀྱི་གཏུན་བུ་དག་གིས་བརྡུང་ཞིང་རབ་ཏུ་བརྡུང་ལ། ཀུན་ཏུ་རབ་ཏུ་བརྡུང་སྟེ། དཔེར་ན་མི་རྣམས་ཀྱིས་ས་ཀར་སྒོམ་གྱི་ནང་དུ་ཐུག་ནས་བརྡུང་ཞིང་རབ་ཏུ་བརྡུང་ལ།




iiif viewer powered by OpenSeadragon

121a - 122a

Texts on this page

Ty055-001 - 'jig rten gzhag pa