| | e-texts navigator
|
120b1 བར་འགྱུར།། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་ཞེས་བྱབ་བཅིའི་ཕྱིར་སེམས་ཅན་དམྱལ་བ་བསྡུས་གཞོམ་ཞེས་བྱ་ཞེ་ན། སྦས་པ། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དུ་སེམས།
120b2 ཅན་གང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་འབྱུང་བ་དང་། ཀུན་ཏུ་བྱུང་བ་དང་། ཕྱིན་པ་དང་། མངོན་པར་གྲུབ་པ་དང་། འཐོན་པར་གྱུར་པའི་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར།
120b3 སྨིན་པས། ལྕགས་ཀྱི་ས་གཞི་དཔག་ཚད་མང་པོ་དང་། དཔག་ཚད་བརྒྱ་ཕྲག་མང་པོ་དང་། དཔག་ཚད་སྟོང་ཕྲག་མང་པོ་དང་། དཔག་ཚད་བརྒྱ་སྟོང་ཕྲག་མང་པོ་ཡོད་པར་འབྱུང་ངོ་།། དེ་ནས་སེམས་ཅན་དེ
120b4 དག་གནས་ཚོལ་ཞིང་སྐྱབས་ཚོལ་ལ། འབྱུང་བའི་ཐབས་ཚོལ་ཏེ། དེར་རྒྱུག་ཅིང་དེར་རབ་ཏུ་རྒྱུག་ལ། དེར་ཀུན་ཏུ་རབ་ཏུ་རྒྱུག་སྟེ། དེ་དག་དེར་ཕྱོགས་གཅིག་ཏུ་འདུའོ།། གང་གི་ཆེ་བརྒྱ་ཕྲག་མང་པོ་དང་།
120b5 སྟོང་ཕྲག་མང་པོ་དང་། བརྒྱ་སྟོང་ཕྲག་མང་པོ་འདུས་པར་གྱུར་པ་དེའི་ཚེ་།། དེ་དག་འཁོད་པའི་སྟེང་དུ་ལྗགས་ཀྱི་རྦ་བ་འབྱུང་བར་འགྱུར་ཏེ། སེམས་ཅན་དེ་དག་འགེབས་ཤིང་རབ་ཏུ་འགེབས་ལ། ཀུན།
120b6 ཏུ་རབ་ཏུ་འགེབས་སོ།། བཀབ་ཅིང་རབ་ཏུ་བཀ་བ་ལ། ཀུན་ཏུ་རབ་ཏུ་བཀབ་ནས། དེ་དག་འཁོད་པའི་སྟེང་དུ་ལྕགས་ཀྱི་ཐོ་བ་དག་འབྱུང་བར་འགྱུར་ཏེ། སེམས་ཅན་དེ་དག་འཇོམ་ཞིང་རབ་ཏུ་འཇོམ་ལ།།
120b7 ཀུན་ཏུ་རབ་ཏུ་འཛེམ་མོ།། བཅོམ་ཞིང་རབ་ཏུ་བཅོམ་ལ། ཀུན་ཏུ་རབ་ཏུ་བཅོམ་ནས། གང་གི་ཚེ་བསད་དེ་ཤི་བར་གྱུར་པ་དེའི་ཚེ་སྟེང་དུ་མི་སྣང་བར་འགྱུར་རོ།། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་དང་།
iiif viewer powered by OpenSeadragon
120a - 121a