| | e-texts navigator
|
119a1 ཅན་དམྱལ་བ་ཆེན་པོའི་སྲུངས་མ་དག་གིས། སེམས་ཅན་དེ་ལྤགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་ལ་ཀན།
119a2 ཀྱལ་དུ་བཞག་ནས་ལྕགས་ཀྱི་ཐིག་གིས་བཏབ་སྟེ། ལྕགས་ཀྱི་སྟེའུས་འཇོག་ཅིང་རབ་ཏུ་འཇོག་ལ། ཀུན་ཏུ་རབ་ཏུ་འཇོག་གོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་ཏུ་སེམས་ཅན་གང།
119a3 དག་སྐྱེས་པ་ནས། འཐོན་པར་འགྱུར་བའི་བར་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བའི་སྲུངས་མ་དེ་དག་གིས། སེམས་ཅན་དེ་དག་ལྕགས་ཀྱི་ས་གན
119a4 འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་ལ་གན་ཀྱལ་དུ་བཞག་ནས། ལྕགས་ཀྱི་ཐིག་གིས་བ་ཏྲབ་སྟེ། ལྕགས་ཀྱི་སྟ་རེ་འབར་ཞིང་རབ་ཏུ
119a5 འབར་ལག་ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པས་བསལ་ཏེ། དཔེར་ན་ཤིང་མཁན་གྱིས་ཤིང་ས་ལ་བཞག་ནས་ཐིག་བཏབ་སྟེ། སྟ་རེས་བསལ་བ་དེ་བཞིན་དུ་སེམས་ཅན་དམྱལ
119a6 བའི་སྲུངས་མ་དག་གིས། སེམས་ཅན་དེ་དག་ལུགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ཏེ། འབར་བ་གཅིག་ཏུ་གྱུར་པ་ལ་སྟ་རེས་བསྔལ་བའི་བར་དུ་སྔ་མ་བཞིན་ནོ།།
119a7 གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་ཏུ་སེམས་ཅན་གང་སྐྱེས་པ་དང་། འཐོན་པའི་བར་དུ་སྔ་མ་བཞིན་ནོ།། སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བ
iiif viewer powered by OpenSeadragon
118b - 119b