| | e-texts navigator
|
117b1 སེམས་ཅན་གཅིག་གིས་གཅིག་མཐོང་ན། སྔ་མ་བཞིན་ཏེ། ཤི་བར་གྱུར་ནས་ཕྱོགས་གཅིག་ཏུ་འདུའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སེམས་ཅན་གང་སྐྱེས་པ་ནས། འཐོན།
117b2 པར་འགྱུར་བའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྤགས་ཀྱིས་དྲང་ཐུང་རློན་མཤིན་ཏུ་ནོལ། རལ་གྲོའི་སོ་ལྔ་བུ་དག་ལག་ཏུ་འོང་བར་འགྱུར་རོ།།
117b3 སེམས་ཅན་དེ་དག་ཀྱང་སེམས་ཅན་གཅིག་གིས་གཅིག་མཐོང་ན། ཤས་ཆེར་སྡང་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ། སྔ་མ་བཞིན་ནོ།། དེ་དག་མདུང་ཐུང་དེ་དག
117b4 གིས་གཅིག་ལ་གཅིག་ཀུན་ཏུ་འབིགས་ཤིང་ངེས་པར་འབིགས་ཏེ། གང་གི་ཚེ་གཅིག་གིས་གཅིག་བསད་ནས། ཤི་བར་གྱུར་པ་དེའི་ཚེ་ཕྱོགས་གཅིག་ཏུ་འདུའོ།། དུས་གཞན་ཞིག་ན་སེམས་ཅ
117b5 དམྱལ་བ་ཆེན་པོ་ཡང་སོས་སུ་རླུང་བསིལ་བ་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་ནས་སེམས་ཅན་དེ་དག་ཡང་འཚེ་བར་འགྱུར་བའི་བར་དུ་རྒྱས་པར་བྱའོ།། དེ་ནས་ཡང
117b6 སེམས་ཅན་དེ་དག་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་མདུང་ཐུང་ལག་ཏུ་འོང་བར་འགྱུར་བ་ནས། ཤི་བར་གྱུར་ནས་ཕྱོགས་གཅིག་ཏུ་བའི་བར་དུ་རྒྱས་པར་བྱའོ།།
117b7 གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སེམས་ཅན་གང་སྐྱེས་པ་ནས། འཐོན་པའི་བར་དུ་སྔ་མ་བཞིན་ནོ།། སེམས་ཅན་དེ་དག་གི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་ཐོབ
iiif viewer powered by OpenSeadragon
117a - 118a