e-texts navigator
Collection
Volume
Page
Wylie

105b1 ཀྱི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་གནས་སོ།། ཅིའི་ཕྱིར་རིའི་རྒྱལ་པོ་ནཱན་རི་ཞེས་བྱ་ཞེ་ན། སྨྲས་པ། རིའི་རྒྱལ་པོ་རྟན་རིའི་རྩེ་མོ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ནི
105b2 དཔེར་ན་ཎའི་རྣ་བ་བཞིན་ཏེ། དེ་བས་ནཱ་རིའི་རྒྱལ་པོ་རྡརྡ་རཾ་ཞེས་བྱའོ།། རིའི་རྒྱལ་པོ་རྣམ་པར་འདུད་ཅེས་བྱ་བ་ནི། རིའི་རྒྱལ་པོ་ཏྲར་རིནས་དཔག་ཚད་ཉིས་སྟོང་ལྔ་བརྗེ་བོར་ཏེ། དཔག་ཚད
105b3 བརྒྱ་ཟི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ནོ།། དཔག་ཚད་སྟོང་ཉིས་བཅཝ་ལྔ་བཅུ་ནི་ཆུ་ལས་གྱེན་དུ་འཕགས་སོ།། ཞེར་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག
105b4 ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་གནས་སོ།། ཅིའི་ཕྱིར་རིའི་རྒྱལ་པོ་རྣམ་པར་འདུད་ཅེས་བྱ་ཞེ་ན། སྨྲས་པ།
105b5 རིའི་རྒྱལ་པོ་རྣམ་པར་འདུད་ཀྱི་རྩེ་མོ་དམའ་ཞིང་འདུད་པ་ནི། དཔེར་ན་སྨན་རུ་བཞིན་ཏེ་ག་དེ་བས་ན་རིའི་རྒྱལ་པོ་རྣམ་པར་འདུད་ཅེས་བྱའོ།། རིའི་རྒྱལ་པོ་མུ་ཁྱུཁྲུད་འཛིན་ཅེས་བྱ་བ་ནི་ཀ་རིའི
105b6 རྒྱལ་པོ་རྣམ་པར་འདུད་ནས་དཔག་ཚད་སྡོང་ཉིས་བརྒྱ་ལྔ་བཅུ་བོར་ཏེདཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ནོ།། དཔག་ཚད་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ནི་ཆུ་ལས་གྱེ་ན།
105b7 དུ་འཕགས་སོ།། ཞེང་དུ་ཡང་དེ་དང་འདྲ་སྟེ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མ་ཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང




iiif viewer powered by OpenSeadragon

105a - 106a

Texts on this page

Ty055-001 - 'jig rten gzhag pa