e-texts navigator
Collection
Volume
Page
Wylie

102a1 སོ་དང་། ཐེ་མོས་དང་། བདུན་རྩིས་རྣམས་སོ།། ཟས་གཙང་གི་བུ་གཉིས་ལ། བཅོམ་ལྡན་འདས་དང་། ཚེ་དང་ལྡན་པ་དཀའ་བོའོ།། ཟས་དཀར་གྱི་བུ་གཉིས་ལ། 9
102a2 ལྡན་པ་རྒྱལ་བ་དང་། བཟང་ལྡན་ནོ།། བྲེ་བོ་ཟས་ཀྱི་བུ་གཉིས་ལ། མིང་ཆེན་དང་། མ་འགགས་པའོ།། བདུད་རྩི་ཟས་ཀྱི་བུ་གཉིས་ལ། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་སྦྱིན་ནོ།། བདུད་རྩི
102a3 མའི་བུ་ནི་བཞི་ལེན་ནོ།། བཅོམ་ལྡན་འདས་ཀྱི་བུ་ནི་སྒྲ་གཅན་ཟིན་ནོ།། དེ་ལྟར་ན་མང་པོས་བཀུར་བའི་རྒྱུད་ནི་སྒྲ་གཅན་ཟིན་ལ་ཐུག་ཅིང་། སྤ་གཅན་ཟིན་གྱིས་མཇུག་བཅད་ནས། སྲིད་པའི་ལུགས་ཆད
102a4 ཅིང་སྐྱེ་བའི་རྒྱུད་ཟད་དོ།། ད་སྲིད་པར་སྐྱེ་བ་མེད་དོ།། འཇིག་རྟེན་བཞག་པ་ལས་ཚིགས་བཅུ་གཅིག་པའོ།། ། བམ་པོ་བདུན་པ།། ། སྡོམ་ལ། རླུང
102a5 དང་ཆུ་དང་ས་གཞི་དང་། ནང་དང་ཕྱི་ཡི་རྒྱས་ཚེ་དང་། རི་རབ་ཀྱི་ནི་ངོས་རྣམས་དང་། རྩེ་མོ་བང་རིམ་རི་རྣམས་ཏེ།། ས་ནི་ཇི་ལྟར་བྱུང་བ་དང་།། རླུང་དང་ཆུ་ནི་རབ་གནས་པ།། དེ་དག་ཐམས་ཅད་རིམས་བཞིན
102a6 རུ།། རབ་ཏུ་བཤད་ཀྱིས་རྟོགས་པར་གྱིས།། གང་ལ་ཆུ་ནི་རབ་གནས་པའི།། རྫིང་རླུང་ཕྲན་པའི་རླུང་སར་ནི།། ནམ་མཁའ་ལས་ནི་ལྡང་བར་འགྱུར།། རླུང་དང་ས་དང་ཆུ་རྣམས་དང་།། རི་དང་གླིང་ནི་བཞི
102a7 པོ་རྣམས།། ཆུ་མིག་མཚོ་དང་འབབ་པ་དང་།། ཋ་མིག་འཛིམ་ཁྲི་གང་བ་ཡིན།། རྒྱ་མཚོ་ཆེན་པོ་ཡངས་པ་དང་།། འབྱོར་ཅིང་རྒྱས་པའི་ལྗོངས་དང་ནི།། གྲོང་དག་དང་ནི་གྲོང་ཁྱེར་རྣམས།། དེ་དག་ཐམས




iiif viewer powered by OpenSeadragon

101b - 102b

Texts on this page

Ty055-001 - 'jig rten gzhag pa