| | e-texts navigator
|
101a1 རྣམ་པར་རྒྱལ་བའི་བུ་ནི་རྣམ་པར་རྒྱལ་བའི་གཞུའོ།། རྣམ་པར་རྒྱལ་བའི་གཞུའི་བུ་ནི་གཞུ་བཀྲའོ།། གཞུ་བཀྲའི་བུ་ནི་ཀཅུ་སྲའོ།། གཞུ་སྲའི་བུ་ནི་གཞུ་བཅན།
101a2 ནོ།། གཞུ་བརྟན་གྱི་བུ་ནི་ཤིང་རྟ་བཅུ་པའོ།། ཤིང་རྟ་བདྲུ་པའི་བུ་ནི་ཤིང་རྟ་བརྒྱའོ།། ཤིང་རྟ་བརྒྱ་པའི་བུ་ནི་ཤིང་རྟ་དགུ་བཅུ་པའོ།། ཤིང་རྟ་དགུ་བཅུ་པའི་བུ་ནི་ཤིང་རྟ་སྣ་ཚོགས་པའོ།། ཤིང
101a3 རྟ་སྣ་ཚོགས་པའི་བུ་ནི་ཤིང་རྟ་རྣམ་པ་སྣ་ཚོགས་པའོ།། ཤིང་རྟ་རྣམ་པ་སྣ་ཚོགས་པའི་བུ་ནི་ཤིང་རྟ་སྙིང་པོའོ།། ཤིང་རྟ་སྙིང་པོའི་བུ་ནི་ཤིང་རྟ་བརྟན་པའོ།། རྒྱལ་པོ་ཤིང་རྟ་བརྟན་པའི་བུ་ཆ་རྒྱུད་དང་།
101a4 ཆ་བོ་དང་། ཡང་ཚའི་རྒུད་ཀྱི་རྒྱལ་པོ་བདུན་ཁྲི་བདུན་སྟོང་གིས་གྲོང་ཁྱེར་ལེགས་པར་སྣང་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་ནམ་མཁའི་བདག་པོ་ཞེས་བྱ
101a5 བ་བྱུང་སྟེ། རྒྱལ་པོ་ནམ་མཁའི་བདག་པོའི་བུ་ནི་ཀླས་བསྲུངས་སོ།། རྒྱལ་པོ་ཀླུས་བསྲུངས་ཀྱི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱས་གྲོང་ཁྱེར་ཝཱ་ར་ཏཱ་སིར་རྒྱལ་སྲིད་ཀྱི།
101a6 དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་ཀྲི་ཀྲྀ་ཞེས་བྱ་བ་བྱུང་སྟེ། དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང
101a7 ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད
iiif viewer powered by OpenSeadragon
100b - 101b