| | e-texts navigator
|
365a1 ཏུ་མཛེས་པ་ཞིག་སྐྱེས་སོ།། དེ་ནས་སྐྱེས་བུ་ཅུང་རུམ་ཞིག་རྒྱལ་པོའི་ཐད་དུ་སོང་སྟེ་སྨྲས་པ། ལྷ་ཁྱེད་ལ་སྲས་བརྩམ་གྱིས་དགྱེས་པ་བསྐྱེད་དུ་གསོལ། རྒྱལ་པོས
365a2 རྨས་པ། དེ་ནི་ང་ཡིས་དགའ་བ་རྒྱ་ཆེན་ཐོབ། དཔའ་བོའི་རིགས་ཀྱི་སྒྲ་ནི་བསྒྲགས་གྱུར་ཅིང་།། ཆོས་ཀྱི་རྒྱལ་སྲིང་རྣམ་པར་འབེལབ་ན།། བུ་སྐྱེས་པས་ན་ཆོས་ནི་རྣམ་འཕེལ་འགྱུར།། དེ་ནས
365a3 རྒྱལ་པོ་མྱ་ངན་མེད་དེས་བཙས་སྟོན་བྱ་བར་བརྩམས་ཏེ། གྲོང་ཁྱེར་པ་ཏ་ལི་པུ་ཏྲ་ཐམས་ཅད་དང་ལྡན་པ། ལེགས་པར་ཆག་ཆག་བཏབ་ཅིང་ཕྱག་བརྡར་བྱས་ཤིང་སྦྱངས་ཏེ། རྡོ་དང་། གསག
365a4 མ་དང་། གྱོ་མོ་བསལ་ཞིང་། ཤིང་དང་། སོ་བས་དང་། མི་གཙང་བའི་འདམ་རྫབ་དང་། ཕྱག་དར་གྱི་ཚོགས་མེད་པར་བྱས་ནས་དར་དང་མེ་ཏོག་གི་ཆུན་འཕྱང་བཏགས་ཏེ། བདུག་སྤོས་ཀྱི།
365a5 སྣོད་ལས་སྤོས་བརྟུལ་ནས་ཁྱིམ་དང་། སྲང་བར་དང་། བནི་མདོ་དང་། སུམ་མདོ་ལ་སོགས་པ་བརྒྱན་པར་བྱས་པ་ནི་འདི་ལྟ་སྟེ། རས་དང་། དར་དང་། བེའུ་རས་དང་། དཔལ་དང་། ཟར
365a6 མའི་རས་དང་། དུ་གུ་ལའི་རས་དང་། རས་ཡུག་ཆེན་ལ་སོགས་པ་བཏགས་པ་དང་། རྔ་ཡབ་དང་། མཛེས་པའི་གདུ་བུ་དང་། དཔུང་རྒན་དང་། དོ་ཤལ་དང་། སེ་མོ་དོ་དང་། མུ་ཏིག་ས
365a7 ཆུན་འཆང་དང་། དྲིལ་བུ་དང་། ནོར་བུ་ཆུ་ཤེལ་དང་། མེ་ཤེལ་ལ་སོགས་པ་དང་། ནོར་བུ་ཆེན་པོའི་རྣ་རྒྱན་བརྟགས་པ་དང་། བ་དན་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་།
iiif viewer powered by OpenSeadragon
364b - 365b