e-texts navigator
Collection
Volume
Page
Wylie

215a1 མ་ལྷ་མ་ཡིན་གྱི་དབང་པོ་སྐྲག་ཅན་འཛིན་གྱིས་བཟུང་ངོ་།། དེ་ནས་ལྷའི་བུ་ཉི་མས་བཅོམ་ལྡན་འདས་རྗེས་སུ་དྲན་པ་ཡིད་ལ་བྱ་སྟེ། དེའི་དུས་སུ་ཚིགས་སུ་བཅད་པ་འདི་གསོལ་།
215a2 སངས་རྒྱས་དཔའ་བོ་དེ་ལ་འདུད། ཐམས་ཅད་མྱུར་དུ་གྲོལ་བར་གྱིས། བདག་འདིའི་ཁ་རུ་བཅུག་པས་ན།། བདག་ནི་ཁྱོད་ལ་སྐྱབས་སུ་མཆི།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཉི་མའི་ཆེད་དུ། བྷྲ་མ
215a3 ཡིན་གྱིས་དབང་པོ་སྒྲ་གཅན་འཛིན་ལ་ཚིགས་སུ་བཅད་པ་བཀའ་སྩལ་པ། སངས་རྒྱས་འཇིག་རྟེན་ལ་བརྩེ་བས།། དགྲ་བཅོམ་དེ་བཞིན་གཤེགས་པ་ལ། ཉི་མ་སྐྱབས་སུ་སོང་བས་ན། སྒྲག་ཅན་འཛིན
215a4 གྱིས་ཉི་མ་མཐོང་།། གང་ཞིག་མུན་པ་སྣང་བས་གསལ་བར་བྱེད།། རྣམ་སྣང་དྲག་པོའི་གཟི་བརྗིད་དཀྱིལ་འཁོར་ཅན།། ནམ་མཁའི་ཉི་མ་སྒྲ་གཅན་སྒྲིབ་མ་བྱེད།། ཉི་མ་འདི་ནི་སྒྲ་གཅན་གྱིས་མཐོང
215a5 ཞིག། དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་གྱིས་ལྷའི་བུ་ཉི་མ་གྲོལ་བར་བྱས་ནས། སྔར་གྱི་གཟུགས་བཞིན་དུ་གང་སུ་ཞིག་གིས་ལྷ་མ་ཡིན་གྱི་དབང་པོ་ཐག་བཟང་རིས་ཀྱི་དྲུང་དུ་སོང་ཞིང་སོང་ནས
215a6 སེམས་མི་དགའ་ཞིང་ཡི་མུག་པས་བ་སྤུ་ལངས་པར་གྱུར་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། ལྷ་མ་ཡིན་གྱི་དབང་པོ་སྐྲག་ཅན་འཛིན་ལ། ལྷ་མ་ཡིན་གྱི་དབང་པོ་ཐགས
215a7 བཟང་རིས་ཀྱིས་ཚིགས་སུ་བཅད་པ་སྨྲས་པ་ཅི་ཕྱིར་ཡིད་ནི་སྐྲག་པར་འགྱུར།། སྒྲ་གཅན་འཛིན་གྱིས་ཉི་མ་མཐོང་།། གཟུགས་ཀྱི་རྣམ་འགྱུར་ཀུན་ཏུ་ངན།། ཅི་ཕྱིར་འཇིགས་པས་འདི་རུ་ལྷག




iiif viewer powered by OpenSeadragon

214b - 215b

Texts on this page

Ty054-017 - nyi ma'i mdo