| | e-texts navigator
|
214b1 ཤེས་པ་དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུར་ཏོ།། འོད་སྲུངས་འདི་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ་ངས་བཤད་དོ།། དེ་མང་དུ་བསྒོམས་པར་བྱས་པ་ན། མངོན་པར་ཤེས་པ
214b2 དང་། བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་གྱུབ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པའི་བྱང་ཆུབ་ཀྱི་ཡན་ལག་ལ་བསླབ་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་ཤད་ཅེས
214b3 བཀའ་སྩལ་པ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་བཅོམ་ལྡན་གྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། དེ་མ་ཐག་ཏུ་ནང་ཞི་བར་གྱུར་ནས། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལངས་སོ།། ཚེ་དང
214b4 ལྡན་པ་འོད་སྲུངས་ཆེན་པོའི་ནང་ཞི་བར་གྱུར་ཏོ།། གནས་བརྟན་འོད་སྲུངས་ཆེན་པོའི་མདོ་རྫོགས་སོ།། པཎྜི་ཆེན་པོ་ཨཱ་ནནྡ་ཤྲཱིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙཱ་ག
214b5 ཤཱཀྱའི་དགེ་སློང་ཉི་མ་རྒྱ་ལ་མཚན་དཔལ་བཟང་པོས་སྐད་གཅིས་སྨྲ་བ་རྣམས་ཀྱི་གདནས་གཙུག་ལག་འང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྐུར་ཅིང་ནུས་ཏེ་གཏན་ལ་ཕབ་པའོ།། སའི་སྟེང་དུ་ཉིམ་དང་།
214b6 ཟླ་བ་རྒྱར་གྱུར་ཅིག།། སྔ་འགྱུར་ཡོད། རྒྱ་གར་སྐད་དུ། སཨཱརྱ་སྱཱ་དྲཱ། བོད་སྐད་དུ། ཉི་མའི་མདོ། འཕགས་པ་དཀོན་མཆོག་གསུམ་ལ
214b7 གུས་པས་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་ལྷའི་བུ་ཅི
iiif viewer powered by OpenSeadragon
214a - 215a