| | e-texts navigator
|
202b1 དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དག་གི་ཕྱིར་རོ།། སེང་གེའི་སྒྲ་ཆེན་པོ་དང་ལྡན་པའི་ཆོས་ཀྱི་རྣམས་གྲངས་འདི་བཤད་པ་ན། སྟོང་གསུམ།
202b2 ཀྱི་ཐོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལན་གསུམ་དུ་འགུལ། ཀུན་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། གཡོས། ཀུན་དུ་གཡོས། ཀུན་ཏུ་རབ་ཏུ་གཡོས། ལྡེག། ཀུན་ཏུ་ལྡེག། ཀུན་ཏུ།
202b3 རབ་ཏུ་ལྡེག། འཁྲུགས། ཀུན་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་པར་གྱུར་ཏོ།། དེ་ནས་འཁོར་གྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རང་གི་རིས་ན་གནས་པ་གཉིས་འདི།
202b4 སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་འདི་ནི་ཀུ་ཤིའི་གྲོང་ཁྱེར་དང་ཉེ་བར་བཞུགས་ཏེ། ཀུ་ཤིའི་གྲོང་ཁྱེར་ནས་སྐྱེས་པའི་གྱད་རྣམས་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོས་འདུན་པར་མཛད་ནས།
202b5 རིང་པོ་མི་ཐོགས་པར་དཔུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱིས། གང་འོ་ན་བདག་ཅག་དོང་ན། བཅོམ་ལྡན་འདས་དེ་བཞིན་གཤེས
202b6 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཐ་མར་བལྟ་བའི་ཕྱིར་འདོང་ངོ་སྙམ་མོ།། དེ་ནས་འཁོར་གྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རང་གི་རིས་ནས་མི་སྣང
202b7 པར་གྱུར་ཏེ། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་རྣམས་དང་ལྷན་ཅིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ།། འཁོར་གྱི་བདག་པོ་ཚངས་པ་ཕྱོགས་གཅིག་ཏུ་འདུག་པས་དེའི
iiif viewer powered by OpenSeadragon
202a - 203a