e-texts navigator
Collection
Volume
Page
Wylie

200b1 འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། གནས་འཇོག་གི་རླུང་དག་འཛམ་བུའི་གླིང་ཡང་ཞོག། ཤར་གྱི་ལུས་འཕགས་གླིང་ཡང་ནོས།
200b2 གནས་འཇོག་གི་རྒྱུད་དག་ལང་སྤྱོད་ཀྱི་གླིང་ཞེས་བྱ་བ། ཆུ་དང་རྒྱར་དཔག་ཚད་དགུ་སྟོང་ཡོད་ཅིང་། ཀུན་ཏུ་ཟླུམ་པོ་ཡོད་དེ། དེ་ལ་ཡང་གོམ་པ་འདི་མེད་ཅིག་ཡོད་དེ་ཞེའམ། གོས་པར་རྒྱའམ།
200b3 གོམ་པ་སྟོང་ངམ། གོམ་པ་བརྒྱ་སྟོང་ཞིག་ཡོད་དོ་ཞེས་བགྲང་བ་དང་བཟུང་བར་ནི་ནུས་ཀྱི། གནས་འཇོག་གི་རྒྱུད་དག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་ཚད་གཟུང་བར་མི་ནུས་ཏེ། འཇོ
200b4 པར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད།
200b5 པ་ནི་བགྲང་བ་དང་ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ།། གནས་འཇོག་།
200b6 རྒྱུད་དག་འཛམ་བུའི་གླིང་ཡང་ཞོག། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ཡང་ཞོག། ཤར་གྱི་ལུས་འཕགས་གླིང་ཡང་ཞོག་གི། གནས་འཇོག་གི་རླུད་དག་བྱང་གི་སྒྲ་མི་སྙན་གྱི་གླིང་ཞེས་བྱ་བ་ཆུ་དང་དྷར
200b7 དཔག་ཚད་ཁྲི་ཡོད་པ། ཀུན་ཏུ་གྲུ་བཞི་པ་ཡོད་དེ། དེ་ལ་ཡང་གོམ་པ་འདི་སྙེད་ཅིག་ཡོད་དོ་ཞེའམ། གོམ་པ་བརྒྱ་འམ། གོམ་པ་སྟོང་ངམ། གོམ་པ་བརྒྱ་སྟོང་ཞིག་ཡོད་དོ་ཞེས་བཟང་བ་དང་ཚད




iiif viewer powered by OpenSeadragon

200a - 201a

Texts on this page

Ty054-012 - 'phags pa rdo 'phangs pa'i mdo