e-texts navigator
Collection
Volume
Page
Wylie

197b1 ཡང་དག་པའི་རྩ་བའི་ལས་དང་ཆོས་ཡང་དག་པར་ལེན་པའི་རྒྱུས། དེའི་ཆུ་དང་དེའི་རྐྱེན་གྱིས་ལུས་ནིག་ནས་བདེ་འགྲོ་དང་མཐོ་རིས་ཀྱི་འཇིག་རྟེན་དུ་རྩ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་ཡང་དག་པ་ཛིཿ།
197b2 བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་སྟོབས་དགུ་པ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས
197b3 རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ།། གནས་འཇོག་གི་རྒྱུད་དྲག་གཞན་ཡང་དེ་བཞིན་གཤེགས་པ
197b4 དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཟག་པ་ཟད་ནས། ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བ། ཤེས་རབ་རྣམ་པར་གྲོལ་བ། མཐོང་བའི་ཆོས་ཉིད་བདག་ཉིད་ཀྱིས་མངོན་པར་མཁྱེན
197b5 པས་མངོན་དུ་མཛད་དེ། རྫོགས་པར་མཛད་ནས་རབ་ཏུ་མཁྱེན་ཅིང་། ངེད་ཅག་གི་སྐྱེ་བ་འདི་ནི་ཟད་དོ།། ཚངས་པར་སྤྱོད་པ་ནི་བསྙེན་ཏོ།། མཛད་པ་མཛད་དོ།། འདི་ལས་སྲིད་པ་གཞན་རབ་ཏུ་མི་མཁྱེན།
197b6 གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཐེག་པ་དག་པད་ནས།། ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བག་ཤེས་རབ་རྣམ་པར
197b7 གྲོལ་བ། མཐོང་བའི་ཆོས་ཉིད་ལ་བདག་ཉིད་ཀྱིས་མངོན་པར་མཁྱེན་པས་མངོན་དུ་མཛད་དེ། རྫོགས་པར་མཛད་ནས་རབ་ཏུ་མཁྱེན་ཅིང་། ངེད་ཀྱི་བྱེ་བ་འདི་ནི་ཟད་དོ།། ཚངས་པར་སྤྱོད་པ་ནི་བསྙེན་ཏོ།།




iiif viewer powered by OpenSeadragon

197a - 198a

Texts on this page

Ty054-012 - 'phags pa rdo 'phangs pa'i mdo