e-texts navigator
Collection
Volume
Page
Wylie

197a1 པ་མི་འདེབས་པ་དག་དང་། ཡང་དག་པར་ལྟ་བདག་ཡིན་ཏེ། ཡང་དག་པའི་ལྟ་བའི་ལས་དང་ཆོས་ཡང་དགུ་པར་ལེན་པའི་རྒྱས། དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཅི་གནས་བདེ
197a2 འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། གནས་འཇོག་གི་རྒྱུད་དགའདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
197a3 པར་རྫོགས་པའི་སངས་རྒྱས་རྣམ་ནི། ལྷའི་སྤྱན་རྣམ་པར་དག་པ་མི་ལས་འདས་པས་སེམས་ཅན་འཆི་འཕོ་བདག་དང་། སྐྱེ་བ་དག་དང་། མདོག་བཟང་པོ་དག་དང་། མདོག་ངན་པ་དག་དང་། དམན་པ་དང་།
197a4 གྱ་ནོམ་པ་དག་དང་། བདེ་འགྲོ་དང་། ངན་འགྲོར་འགྲོ་བ་དག་ལ་གཟིགས་པར་མཛད་ཅིང་། སེམས་ཅན་ལས་ཇི་ལྟ་བ་བཞིན་དུ་རྩེ་བར་དོང་བ་དག་ལ། སེམས་ཅན་འབྱུང་བ་དེ་དག་ནི། ལུས་ཀྱིས་ཉེས་པར།
197a5 སྤྱོད་པ་དང་ལྡན་པ་དག་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་དག་དང་། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དག་དང་། ལོག་པར་ལྟ་བདག་ཡིན་ཏེ། ལོག་པར་ལྦ་བའི་ལས་དང་ས
197a6 ཡང་དག་པར་ལེན་པའི་རྒྱས། དེའི་རྒྱུ་དང་རྐྱེན་གྱིས་ལུས་ནིག་ནས་ཤི་ཕན་ཆད་ངན་སོང་ངན་འགྲོ་ལོག་པར་ལྷུང་པོའི་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་རོ།། པང་ན་སེམས་ཅན་འབྱུང་བ་དེ་དག
197a7 ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པདག་དང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་དག་དང་། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པདག་དང་། ཡང་དག་པར་ལྟ་བདག་ཡིན་ཏེ།




iiif viewer powered by OpenSeadragon

196b - 197b

Texts on this page

Ty054-012 - 'phags pa rdo 'phangs pa'i mdo