e-texts navigator
Collection
Volume
Page
Wylie

196b1 པར་རྗེས་སུ་དྲན་པར་མཛད་དོ།། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ནས་དག་ནི་སྟོབས་བརྒྱད་པ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྲུ
196b2 མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ།། གནས་འཇོག་གི་རྒྱུད་དག་ཞནན
196b3 ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་ནི། ལྷའི་སྤྱན་རྣམ་པར་དག་པ་མི་ལས་འདས་པས་སེམས་ཅན་ཤི་འཕོ་བ་དག་དང་། སྐྱེ་བ་དག་དང་། མདོག
196b4 བཟང་པོ་དག་དང་། མདོག་ངན་པ་དག་དང་། དམན་པ་དག་དང་། གྱ་ནོམ་པ་དག་དང་། བདེ་འགྲོ་དགེ་དང་། ངན་འགྲོར་འགྲོ་བ་དག་ལ་གཟིགས་པར་མཛད་ཅིང་།། སེམས་ཅན་ལས་ཇི་ལྟ་བཞིན་དུ་ཉེ་བར
196b5 དོང་བདག་དང་།། སེམས་ཅན་འབྱུང་བ་དེ་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་དག་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་དག་དང་། འཕགས་པ་རྣམས་ལ་སྐུར་པ་འདེབས་པ
196b6 དག་དང་། ལོག་པར་ལྔ་བ་དག་ཡིན་ཏེ། ལོག་པར་ལྟ་བའི་ལས་དང་ཆོས་ཡང་དག་པར་ལེན་པའི་རྒྱུས་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་ནས་ཤི་ཕན་ཆད་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སེམས་ཅན་དམྱལ་བ་རྣམ།
196b7 སུ་སྐྱེ་བར་འགྱུར་རོ།། ཡང་ན་སེམས་ཅན་འབྱུང་བ་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་དག་དང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་དག་དང་། འཕགས་པ་རྣམས་ལ་སྐུར




iiif viewer powered by OpenSeadragon

196a - 197a

Texts on this page

Ty054-012 - 'phags pa rdo 'phangs pa'i mdo