e-texts navigator
Collection
Volume
Page
Wylie

195b1 ཚེ་རབས་སྟོང་དང་། ཚེ་རབས་བརྒྱ་སྟོང་དང་ཚེ་རབས་བརྒྱ་ཕྲག་དུ་མ་དང་། ཚེ་རབས་སྟོང་ཕྲག་དུ་མ་དང་། ཚེ་རབས་བརྒྱ་སྟོང་ཕྲག་དུ་མ་དང་། འཇིག་པའི་བསྐལ་པ་དང་། འཆགས་པའོ།
195b2 བསྐལ་པ་དང་། འཇིག་པ་དང་འཆགས་པའི་བསྐལ་པ་དང་། འཇིག་པའི་བསྐལ་པ་དུ་མ་དང་། འཆགས་པའི་བསྐལ་པ་དུ་མ་དང་། འཇིག་པ་དང་འཆགས་པའི་བསྐལ་པ་དུ་མ་ཡང་དག་པར
195b3 རྗེས་སུ་དྲན་པར་མཛད་ཅིང་། སེམས་ཅན་འབྱུང་བ་དེ་དག་ནི་མིང་འདི་དག་ཅེས་བྱ་བར་གྱུར་ཏོ།། དེ་དག་ཏུ་བདག་ཅག་མིང་འདི་དག་ཅེས་བྱ་བར་གྱུར་ཏོ།། རིགས་དག་ནི་འདི་དག་ཅེས་བྱ། རུས
195b4 དག་ནི་འདི་དག་ཅེས་བྱ། ཟས་དག་ནི་འདི་ལྟ་བུ་དག་ཅིག་ཟ་ཟ། བདེ་དང་སྡུག་བསྔལ་བ་ནི་འདི་ལྟ་བུ་དག་ཅིག་མྱོང་། ཚེ་ནི་འདི་ཙམ་ཞིག་ཏུ་རིང་བར་གྱུར། ཡུན་ནི་འདི་སྲིད་དག་ཅིག་ཏུ་གནས
195b5 ནས། ཚེ་དག་ནི་འདི་ཙམ་དག་ཅིག་ཐུབ། དེ་དག་དང་བདག་ཅག་གནས་དེ་ནས་ཤི་འཕོས་ཏེ། ཆེ་གེ་མོ་ཞིག་ཏུ་སྐྱེས་པ་དག་ཏུ་གྱུར། དེ་ནས་ཀྱང་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་པ་དག་ཏུ་གྱུར
195b6 དེ་ནས་ཀྱང་ཤི་འཕོས་ནས་ཡང་འདིར་སྐྱེས་པ་དག་ཏུ་གྱུར་ཏོ་ཞེས་རྣམ་པ་དང་བཅས་ཤིང་། ཡུལ་ཕྱོགས་དང་བཅས་ལ། གནི་ཅི་ལས་གྱུར་པ་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར
195b7 རྗེས་སུ་དྲན་པར་མཛད་ལ། གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེས་སུ་དྲན




iiif viewer powered by OpenSeadragon

195a - 196a

Texts on this page

Ty054-012 - 'phags pa rdo 'phangs pa'i mdo