e-texts navigator
Collection
Volume
Page
Wylie

195a1 ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས།
195a2 པར་མཛད་དོ།། གནས་འཇོག་གི་རྒྱུད་དག་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པར་ཇི་ལྟ་བ་བཞིན་དུ
195a3 རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ
195a4 རབ་ཏུ་མཁྱེན་ཏོ།། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་སྟོབས་བདུན་པ་དེ་དང་ལྡན་པ་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ།
195a5 ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ།། གནས་འཇོག་གི་རྒྱུད་དག་གཞན་ཡང་དེ་བཞིན་གཤེགས་པ།
195a6 དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེས་སུ་དྲན་པར་མཛད་དེ། འདི་ལྟ་སྟེ། ཚེ་རབས་གཅིག་དང་། གཉིས་དང་།
195a7 གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། ཚེ་རབས་བརྒྱ་དང་།




iiif viewer powered by OpenSeadragon

194b - 195b

Texts on this page

Ty054-012 - 'phags pa rdo 'phangs pa'i mdo