e-texts navigator
Collection
Volume
Page
Wylie

192b1 གྲོང་རྣམ་ཆེ་མོ་དང་། ལྗོངས་ཆེ་གེ་མོ་དང་། ལྗོངས་ཀྱི་ཕྱོགས་ཆེག་མོ་དང་། ཤིད་ལྡན་པ་ཆེ་གེ་མོ་དང་། སྡོང་པོ་ཆེ་གེ་མོ་དང་། ཡལ་ག་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་།
192b2 དྷ་དང་། ཤིང་དང་། ལལ་ག་དང་། ཤིང་གི་དུམ་བུ་ཆེགེ་མོ་ལས་ཆར་འབབ་བོ་ཞེས་ཡོངས་སུ་དཔྱད་པར་མཛད་དེ། ཆུ་འཐིགས་པ་དེ་ཡང་རྡུལ་ཐ་རབ་ཙམ་དུ་ཡོངས་སུ་དཔྱོད་པར་མཛད་པ
192b3 གནས་འཇོག་གི་རླུང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་བསྒོམ་པའི་སྟོབས་དེ་ལྟ་བུ་དང་ལྡན་པ་དག་ཡིན་ཞིང་། གང་དག་འདས་བདག་དང་། གང
192b4 དག་མ་བྱོད་པ་དག་དང་། གང་ཡང་ད་ལྟ་ད་ལྟར་བྱུང་བའི་དུས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་སྟེ
192b5 མཚན་མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་ཀྱིས་མཉམ་པ་དག་རམ
192b6 ཡིན་ནོ།། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི། སྟོབས་བཅུ་གནན་དག་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོར
192b7 ཞལ་གྱིས་འཆེ་སྟེ། ཚངས་པའི་འརོ་ལོ་རབ་ཏུ་བསྐོར་ཞིང་། འཁོར་གྱི་ནང་དུ་ཡང་དག་པར་སེང་གེ་སྒྲ་སྒྲོགས་པར་མཛད་ཅིང་། གང་དག་འདས་པདག་དང་། གང་དག་མ་བྱོན་པ་དག་དང་། གང་ཡང




iiif viewer powered by OpenSeadragon

192a - 193a

Texts on this page

Ty054-012 - 'phags pa rdo 'phangs pa'i mdo