| | e-texts navigator
|
191b1 བྷིར་ཏེ། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་རྫུ་འཕྲུལ་གྱི་སྤོབས་དེ་ལྟ་བུ་དང་ལྡན་པ་དག་ཡིན་ཞིང་། གང་དག་འདས་པ་དག་དང་།
191b2 གང་དག་མ་བྱོན་པདག་དང་། གང་ཡདང་རྒྱད་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་རྩེ
191b3 མཚན་མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་ཀྱིས་མ་ཉམ་པ་དག་ནི་མ
191b4 ཡིན་ནོ།། བཙུན་པ་བདག་ཅག་གིས་དེ་བཞིན་གཤེགས་པ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡབ་ཡུམ་ལས་བྱུང་བའི་སྟོབས་ཀྱང་ཐོས
191b5 ལགས། བསོད་ནམས་ཀྱི་སྟོབས་ཀྱང་ཐོས་ལགས། ཤེས་རབས་ཀྱི་སྟོབས་ཀྱང་ཐོས་ལགས། རྫུ་འཕྲུལ་གྱི་སྟོབས་ཀྱང་ཐོས་ལགས་ན། བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
191b6 པར་རྫོགས་པའི་སངས་རྒྱས་དག་བསྒོམ་པའི་སྟོབས་ཇི་ལྟ་བུ་དང་ལྡན་པ་དག་ལགས། གནས་འཇོག་གི་རྒྱུད་དག་བྱེད་དེ་བཞིན་གཤེགས་པ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
191b7 པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བསྒོམ་པའི་སྟོབས་ཉན་པར་འདོད་དམ། བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལགས་སོ།། བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལགས་སོ།
iiif viewer powered by OpenSeadragon
191a - 192a