| | e-texts navigator
|
191a1 སྟོང་དང་། བྱང་གི་སྒྲ་མི་སྙན་སྟོང་དང་། འཛམ་བུ་གླིང་སྟོང་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་སྟོང་དང་། སུམ་ཅུ་རྩ་གསུམ་པ་དག་དང་། འཐབ་བྲལ་དག་དང་།
191a2 དགའ་ལྡན་དག་དང་། འཕྲུལ་དགའ་དག་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྔ་སྟོང་དང་། ཚངས་པའི་འཇིག་རྟེན་སྟོང་པོ་འདི་ནི། སྟོང་སྤྲེ་བུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱའོ།། སྟོང་སྤྱི
191a3 ཕུད་ཀྱི་འཇིག་རྟེན་གྱི་ཁམས་སྟོང་གང་ཡིན་པ་དེ་ནི། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ།། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཕྲག་སྟོང་གང་ཡིན་པ་འདི་ནི། སྟོང་གསུམ
191a4 གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ།། ། འཕགས་པ་རྡོ་འཕངས་པའི་མདོ་བམ་པོ་གཉིས་པ་སྟེ་ཐ་མའོ།། གནས་འཇོག་གི་རྒྱུད་དག་སྟོང
191a5 གསུམ་གྱི་སྟོངཔ་ཆེན་པོའི་འཇིག་རྟེན་གྱི་ཁམས་དེའང་རྫུ་འཕྲུལ་དང་ལྡན་པ་དགེ་སློང་མོའུ་འགལ་གྱི་བུ་དང་འདྲ་བ་དག་གིས་གང་བར་གྱུར་ལ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ངེས་པར་བྱས་ཀྱང
191a6 བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས
191a7 དང་རང་སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་ནི་ལུས་ཀྱིས་འགྲོ་བ་ཡིན་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་ནི་ཡིད་ལྟར་མགྱོགས་པ་ཡིན་པ
iiif viewer powered by OpenSeadragon
190b - 191b