| | e-texts navigator
|
190b1 དེ་ལ་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། མོ་རུ་འགལ་གྱི་བུ་ལེགས་ལེགས་སོ།། མོའུ་འགལ་གྱི་བུ་ཁྱོད་ཀྱིས་རྫུ་འཕྲུལ་དེ་དག་དང་འཐབས་དེས་ས་ཆེན་པོ་བསྐུར་བར་ནི་ནུས་པར་གྱུར་ན། ས་ཆེན་པོ
190b2 བསྒྱུར་བར་དེ་བཞིན་གཤེགས་པ་ཁྱོད་ལ་གནང་བར་མི་མཛད་དོ།། མོ་བུ་འགལ་གྱི་བུ་དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གང་ཕལ་ཆེར་ཁ་ཟས་ཀྱི་རོ་ལ་ཆགས་ཤིང་། ཁ་ཟས་ཀྱི་རོ་ལ་རྨོངས་ཏེ།
190b3 ཀུན་ཏུ་གཏི་མུག་པར་འགྱུར་རོ།། མོ་འུ་འགལ་གྱི་བུ་དེ་ཅིའི་ཕྱིར་ཞེ་ན། ས་ཆེན་པོའི་སྟེངས་ཅན་ན་མ་ལས་བྱུང་བའི་རོའི་ཁམས་གྱ་ནོམ་པ་དེ་ཡང་ཡུན་རིང་དུ་མི་གནས་ཏེ། རིང་པོ་མི་ཐོགས
190b4 པར་དེས་ཆེན་པོའི་སྟེང་ནས་ཐམས་ཅད་ཀྱི་ཐམས་ཅད་དུ་ནུབ་པར་འགྱུར་རོ།། དེའི་ཕྱིར་སེམས་ཅན་དང་། འབྱུང་པོ་དང་། ཐོག་ཆགས་དེ་དག་ཀྱང་བཟས་ཀྱི་རོལ་ཆགས་ཤིང་། འཟས
190b5 རོ་ལ་རྨོངས་ཏེ། མཆོག་ཏུ་མྱོས་པར་འགྱུར་བ་འམ། སྲོག་ཆད་ནས་ཤི་བའི་དུས་བྱེད་པར་འགྱུར་ཏེ། མོའུ་བ་གལ་གྱི་བུ་དེའི་ཕྱིར་ས་ཆེན་པོ་བསྒྱུར་བ་དེ་བཞིན་གཤེགས་པ་ཁྱོད་ལ་གནང་བར་མི
190b6 མཛད་དོ།། གནས་འཇོག་གི་རྒྱུད་དག་དགེ་སློང་མོའུ་འགལ་གྱི་བུ་རྫུ་འཕྲུལ་གྱི་སྟོབས་ནི་དེ་ལྟ་བུ་དང་ལྡན་ནོ།། གནས་འཇོག་གི་རྒྱུད་དགའདི་ལྟ་སྟེ། རྣམ་པར་སྣང་བྱེད་ཀྱི་ཉི་མ་དག་ནི།
190b7 ཀུན་ཏུ་འགྲོ་བ་ན་ཕྱོགས་སྣང་བར་བྱེད་དོ།། དེ་སྲིད་དུ་སྟོང་གི་འཇིག་རྟེན་ན་ཟླ་བ་སྟོང་དང་། ཉི་མ་སྟོང་དང་། རིའི་རྒྱལ་པོ་རི་རབ་སྟོང་དང་། ཤར་གྱི་ལུས་འཕགས་སྟོང་དང་། བ་ལང་སྤྱོད
iiif viewer powered by OpenSeadragon
190a - 191a