| | e-texts navigator
|
190a1 དུས་ཆེན་པོ་བསྒྱུར་བར་འདོད་དམ། དེས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་ངོགས་ཆེན་པོ་བསྒྱུར་བར་འཚལ་ལགས་སོ།། དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གནས།
190a2 འདིར་གནས་ཏེ་ས་ཆེན་པོ་བསྒྱུར་བར་འདོད་དོམ། དེས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་ཁོར་ཡུག་དང་ཁོར་ཡུག་ཆེན་པོ་དག་གི་གནས་སུ་གནས་ཏེ། དོག་ས་ཆེན་པོ་བསྒྱུར་བར་འཚལ་ལགས་སོ།
190a3 དེ་ལ་ཡང་འདི་སྐད་ཅེས་བཀའ་སྩལ་ཏེ། མོའུ་འགལ་གྱི་བུ་ས་ཆེན་པོ་བསྒྱུར་འདོད་ན། གང་དག་ས་ལ་རྟེན་པའི་སེམས་ཅན་དང་། སྲོག་ཆགས་དེ་དག་ཇི་ལྟར་བྱེད། དེས་འདི་སྐད་ཅེས་གསོལ་ཏོ།
190a4 བཙུན་པ་དོག་ས་ཆེན་པོ་བསྒྱུར་བ་ལགས་ཏེ། གང་དག་དོག་ས་ལ་རྟེན་པའི་སེམས་ཅན་དང་། སྲོག་ཆགས་དེ་དག་ལག་པ་གཡོན་པས་བླངས་ཏེ་གཟུང་བར་བགྱི་ལགས་སོ།། ལག་པ་གཡས་པས་ནི།
190a5 ས་ཆེན་པོར་བསྐུར་བར་བགྱི་ལགས་སོ།། དེ་ལ་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། མོའུ་འགལ་གྱི་བུ་ཆེན་པོ་ས་ཆེན་པོ་སྒྱུར་བར་བྱེད་པ་ན། ཇི་ལྟ་བུའི་འདུ་ཤེས་དང་ལྡན་པར་བྱེད། དེས་འདི
190a6 སྐད་ཅེས་གསོལ་ཏོ།། བཙུན་པ་ས་ཆེན་པོ་བསྒྱུར་བར་བགྱི་བ་ན། འདུ་ཤེས་མཆོག་ཏུ་ཡང་བ་དང་ལྡན་པར་བགྱི་ལགས་ཏེ། འདི་ལྟ་སྟེ། སྐྱེས་བུ་སྟོབས་དང་ལྡན་པ་ཞིག་ཆུ་ཤིང་གི་འདབ་མ
190a7 བསྒྱུར་བར་བགྱིད་པ་ན། འདུ་ཤེས་མཆོག་ཏུ་ལྡན་པར་བགྱིད་ལགས་སོ།། བཙུན་པ་དེ་བཞིན་དུ་བདག་ས་ཆེན་པོ་སྒྱུར་བར་བགྱིད་པ་ན། འདུ་ཤེས་མཆོག་ཏུ་ཡང་བ་དང་ལྡན་པར་བགྱིད་ལགས་སོ།།
iiif viewer powered by OpenSeadragon
189b - 190b