| | e-texts navigator
|
188b1 ནི་ཤེས་རབ་ཀྱི་སྟོབས་དེ་ལྟ་བུ་དང་ལྡན་ནོ།། གནས་འཇོག་གི་རྒྱུད་དག་འདི་ལྟ་སྟེ། རྣམ་པར་སྣང་བྱེད་ཀྱི་ཉི་མ་དག་ནི། ཀུན་ཏུ་འགྲོ་བ་དང་། ཕྱོགས་སྣང་བར་བྱེད་དོ།། དེ་སྲིད་དུ་སྐྱོང་གི་འཇིག་རྟེན།
188b2 ནཟླ་བསྟོང་དང་། ཅི་མ་སྟོང་དང་། རིའི་རྒྱལ་པོ་རི་རབ་སྟོང་དང་། ཤར་གྱི་ལུས་འཕགས་སྟོང་དང་། བ.ལང་སྤྱོད་རྩོང་དང་། བྱང་གི་སྒྲ་མི་སྙན་སྟོང་དང་། འཛམ་བུ་གླིང་སྟོང་དང་། རྒྱལ
188b3 ཆེན་བ་ནིའི་རིས་ཀྱི་ལྷ་སྟོང་དང་། སུམ་ཅུ་རྩ་གསུམ་པ་དག་དང་། འཐབ་བྲལ་དག་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་སྟོང་སོང་དང་། ཚངས་པའི་འཇིག་རྟེན་སྟོང་པོ་འདི་ནི་སྟོང་ཧྲཱི་ཕུད
188b4 ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱའོ།། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་སྟོང་གི་རྫོང་གང་ཡིན་པ་འདི་ནི། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ།། སྟོང་གཉིས་པ་བར་མའི་འགྲེ།
188b5 རྟེན་གྱི་ཁམས་ཕྲག་སྐྱོང་གང་ཡིན་པའིདན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ།། གནས་འཇོག་གི་རྒྱུད་དག་སྟོང་གསུམ་གྱི་སྐྱོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཡང་གཤེས
188b6 རབ་དགེ་སློང་ཤཱ་རིའི་བུ་དང་འདྲ་བ་དག་གིས་གང་བར་གྱུར་ལ། དེ་བཞིན་གཤེགས་པའི་ཤེས་རབ་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང
188b7 ཀི་ཆ་དང་། གྲངས་དང་། ཆ་དང་། གྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
iiif viewer powered by OpenSeadragon
188a - 189a