| | e-texts navigator
|
188a1 དུ་འཕགས་ཏེ། རིན་པོ་ཆེ་སྣ་བཞི་ལས་བྱས་ཤིང་། ངོས་བཞི་ཡོད་པ། དེའི་ངོས་གཅིག་ནི་གསེར་ལས་བྱས་པ་ཡིན། ངོས་གཉིས་པ་ནི་དངུལ་ལས་བྱས་པའོ།།
188a2 གསུམ་པ་ནི་བཻ་ཌཱུཪྻ་ལས་བྱས་པའོ།། བཞི་པ་ནི་ཤེལ་ལས་བྱས་པ་སྟེ། དེ་ལ་གསེར་གྱི་ངོས་སུ་བྱང་སྒྲ་མི་སྙན་གྱི་གླིང་སྣང་ངོ་།། དངུལ་ལས་བྱས་པའི་ངོས་སུ་ནི་ཤར་ལུས་འཕགས་གླིང་རྫ
188a3 ངོ། བཻ་ཌཱུཪྻ་ལས་བྱས་པའི་ངོས་ན་ནི་འཛམ་བུའི་གླིང་སྣང་ངོ་།། ཤེལ་ལས་བྱས་པའི་ངོས་ན་ནི་བ་ལང་སྤྱོད་ཀྱི་གླིང་སྣང་ངོ་།། རིའི་རྒྱལ་པོ་རི་རབ་དཔག་ཚད་བརྒྱད་ཁྲི་འོག་ཏུ་ཆུའི་ནང་དུ་རུང
188a4 སྟེ། གསེ་རཾ་ལས་བྱས་པའི་ས་སྟེང་གི་བར་ན་གནས་པ་དེ། གྲོ་གའི་ཤོག་ཤོག་ཙམ་དུ་གྱུར་ལ། གླིང་བཞིན་སེམས་ཅན་གྱི་ཁམས་གང་སུ་དག་ཡོད་པ་ཡི་གེ་པ་རྣམས་ནི་དེ་ཙམ་དུ་གྱུར་ཏེ། ས
188a5 ཆེན་པོའི་སྟེང་ན་རྩཝ་དང་། ཤིང་དང་། ཤིང་གི་ཡལ་ག་དང་། ཤིང་གི་དུམ་བུ་གང་ཅི་ཡང་རུང་། སྨྱུ་གུ་དག་ནི་དེ་ཙམ་དུ་གྱུར་ནས། གནས་འཇོག་གི་རྒྱུད་དྲག་སྣག་ཚའི་སྙིང་ཁུ་རྒྱ་མཚོ་ཆེན་པོ
188a6 ཙམ་དང་། གྲོ་གའི་ཤོག་ཤོག་རི་རབ་ཙམ་དང་། ཡི་གེ་པ་དག་གླིང་བཞི་པའི་སེམས་ཅན་གྱི་ཁམས་ཙམོ་དང་། མྱུ་གུ་དགས་ཆེན་པོའི་སྟེང་ན་རྩཝ་དང་། ཤིང་དང་། ཡལ་ག་དང་། ཤིང་གི་དུམ
188a7 བུཙམ་ནི་ཆེས་མྱུར་དུ་ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་འགྱུར་གྱི། དགེ་སློང་ཤཱ་རིའི་བུའི་ཤེས་རབ་ཟད་པར་འགྱུར་བ་ནིང་མི་སྨྲའོ།། གནས་འཇོག་གི་རྒྱུད་དག་དགེ་སློང་ཤཱ་རིའོ
iiif viewer powered by OpenSeadragon
187b - 188b