| | e-texts navigator
|
187b1 བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་སྟེ། མཚན་མནྡམ་པཱ་ཡོན་ཏན་མཚུངས།
187b2 པ་མཉམ་པ། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་ཀྱིས་མཉམ་པ་དག་ནི་མ་ཡིན་ནོ།། བཙུན་པ་བདག
187b3 ཅག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡབ་ཡུམ་ལས་བྱུང་བའི་སྟོབས་ཀྱང་ཐོས་ལགས། བསོད་ནམས་ཀྱི་སྟོབས་ཀྱང་ཐོས་ལགས་ན། བཙུན་པ།
187b4 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ཤེས་རབ་ཀྱི་སྟོབས་ཇི་ལྟ་བུ་དང་ལྡན་པ་དགས་ལགས། གནས་འཇོག་གི་རྒྱུད་དག་ཁྱེད་དེ་བཞིན་གཤེགས་པ་ལགས།།
187b5 དེབཞིན་གཤེག་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཤེས་རབ་ཀྱི་སྟོབས་ཉན་པར་འདོད་ངམ། བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལགས་སོ།། བདེ
187b6 བར་གཤེགས་པ་མཆོག་ཏུ་འཚལ་ལགས་སོ།། གནས་འཇོག་གི་རྒྱུད་དག་དེའི་ཕྱིར་ཁྱེད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་བཤད་དོ།། གནས་འཇོག་གི་རྒྱུད་དག་རྒྱ་མཚོ
187b7 ཆེན་པོ་ནི་ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་ལ། རྒྱར་དཔག་ཏུ་མེད་པ་དེ། སྣག་ཚའི་ཏིང་བུས་ཡོངས་སུ་གང་བར་གྱུར་ཅིང་རིའི་རྒྱལ་པོ་རི་རབ་དཔག་ཆེད་བརྒྱད་ཁྲི་ཆུའི་ནང་ནས་མངོན།
iiif viewer powered by OpenSeadragon
187a - 188a