| | e-texts navigator
|
187a1 འབུམ་གྱི་བསོད་ནམས་གང་ཡིན་པ་དེ། བྱང་ཆུབ་སེམས་དཔའ་བྱམས་པ་གཅིག་གི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི
187a2 འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཅེ་བར་མི་འགྲོའོ།། བྱང་ཆུབ་སེམས་དཔའ་བྱམས་པ་དག་བྱེ་བ་ཕྲག་འབུམ
187a3 གྱི་བསོད་ནམས་གང་ཡིན་པ་དེ། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་གཅིག་གི་བསོད་ནམས་ངག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ
187a4 སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བྲར་མེ་འགྲོའོ།། བྱང་ཆུབ་སེམས་དཔའ་སྲིད་པ་ཐམ་དག་གང་གའི་ཀླུང་གི་བྱེ་མ་དང་མཉམ་པ་རྙེད་ཀྱི་བསོད
187a5 ནམས་གང་ཡིན་པ་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་གི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི
187a6 འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། གནས་འཇོག་གི་རྒྱུད་དག། དེ་བཞིན་གཤེགས་པ་དགྲ
187a7 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི། བསོད་ནམས་ཀྱི་སྟོབས་དེ་ལྟ་བུ་དང་ལྡན་པ་དག་ཡིན་ཞིང་། གང་དག་འདས་པ་དང་། གང་དག་མ་བྱོན་པ་དང་། གང་ཡང་ད་ལྟར་ལྟར།
iiif viewer powered by OpenSeadragon
186b - 187b