e-texts navigator
Collection
Volume
Page
Wylie

184b1 དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། གནས་འཇོག་གི་རྒྱུད་དག་གླིང་བཞིའི་སེམས་ཅན་རྣམས་ཀྱི་བསོད་ནམས་གང་ཡིན་པ་དེ། གླིང་བཞིའི་བདག་པོའི་འཁོར་ལོ་སྒྱུར་བའི་བསོད
184b2 ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུ་ཡང་ཉེ་བར
184b3 འགྲོའོ།། གནས་འཇོག་གི་རླུང་དག་ཡང་འཁོར་ལོ་སྒྱུར་བ་བཞི་བྱུང་བྷེ། གླིང་གཅིག་པ་དང་། གླིང་གཉིས་པ་དང་། གླིང་གསུམ་པ་དང་། གླིང་བཞི་པའི་འཁོར་ལོས་སྒྱུར་བའོ།། དེ་ལ་གླིང་གཅི
184b4 པཔའི་འཁོར་ལོ་སྒྱུར་བའི་འཁོར་ལོ་ནི། ལྕགས་ལས་བྱིས་པ་ཁོར་ཡུག་ཏུ་རྒྱང་གྲགས་གཅིག་ཡོད་པར་འབྱུང་ངོ་།། གླིང་གཉིས་པའི་འཁོར་ལོ་སྒྱུར་བའི་འཁོར་ལོ་ནི། ཟངས་ལས་བྱས་པ་ཁོར
184b5 ཡུག་ཏུ་རྒྱང་གྲགས་གཉིས་ཡོད་པ་འབྱུང་ངོ་།། གླིང་གསུམ་པའི་འཁོར་ལོ་སྒྱུར་བའི་འཁོར་ལོ་ནི། དངུལ་ལས་བྱས་པ་ཁོར་ཡུག་ཏུ་རྒྱང་གྲགས་གསུམ་ཡོད་པ་འབྱུང་ངོ་།། གླིང་བཞི་པའི་བའོ།།
184b6 ལོ་སྒྱུར་བའི་འཁོར་ལོ་ནི། གསེར་ལས་བྱས་པ། རྩིབས་སྟོང་པ། ལྟེ་བ་དང་བཅས་པ། མུ་ཁྱུད་དང་བཅས་པ། ཐམས་ཅད་གསེར་ལས་བྱས་པ། ལྷ་རྫས་འོད་འཕྲོ་བ། འོད་རབ་ཏུ་གསལ
184b7 བ་ཁོར་ཡུག་ཏུ་རྒྱང་གྲགས་བཞི་ཡོང་པ་འབྱུང་ངོ་།། གནས་འཇོག་གི་རྒྱུད་དག་གླིང་བཞི་པའི་གྲོར་ལོ་སྒྱུར་བ་དག། བྱེ་བ་ཕྲག་འབུམ་གྱི་བསོད་ནམས་གང་ཡིན་དེ། རྒྱལ་ཆེན་བཞིའི་རིས་ཀྱི




iiif viewer powered by OpenSeadragon

184a - 185a

Texts on this page

Ty054-012 - 'phags pa rdo 'phangs pa'i mdo